དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།

  • པ་ཞི་ཡིས་ཡ་མ་ཤུན་གྱི་ཚ་བ་ཆེ་ཞིང་ཆར་ཆུ་མང་བའི་ནགས་ཚལ་སྲུང་སྐྱོང་བྱ་རྒྱུའི་སྙན་ཞུ་ཡོངས་བསྒྲགས་བྱེད་པ། 

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པ་ཞི་ལི་ཡ་ནས་ཟླ་5 ཚེས་15 ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་པ་ཞི་ཡི་ཙུང་ཐུང་ལས་ཤག་གི་འཐབ་ཇུས་ལས་དོན་པུའུ་དང་། པ་ཞི་ཡི་ཡ་མ་ཤུན་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་སུའོ། པ་ཞི་ཚན་རྩལ་གསར་གཏོད་འཐབ་ཇུས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་ཡ་མ་ཤུན་གྱི་ཚ་བ་ཆེ་ཞིང་ཆར་ཆུ་མང་བའི་ནགས་ཚལ་སྲུང་སྐྱོང་བྱ་རྒྱུའི་ཞིབ་འཇུག་སྙན་ཞུ་མཉམ་དུ་ཡོངས་བསྒྲགས་བྱས་ཤིང་། 《པ་ཞི་ཡི་ལམ་སྲོལ་ REDD ཡི་གཙོ་གནད་དེ་ཡ་མ་ཤུན་དུ་ཡོད 》ཅེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་དེའི་ནང་ལམ་སྲོལ་ REDD དེས་ཡ་མ་ཤུན་གྱི་ཚ་བ་ཆེ་ཞིང་ཆར་ཆུ་མང་བའི་ནགས་ཚལ་སྲུང་སྐྱོང་བྱེད་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་འགོར་དུ་གཏོང་རྒྱུར་བཏོན་པའི་འགངས་ཆེའི་ནུས་པ་ནན་བཤད་བྱས་པ་དང་འབྲེལ་པ་ཞི་རུ་ལམ་སྲོལ་REDD ཇི་ལྟར་བྱས་ནས་འཛུགས་རྒྱུའི་ཐད་གྲོས་གཞི་བཏོན་ཡོད་པ་རེད།

        “REDD”དེ་ནི “ནགས་ཚལ་གཅོད་པ་དང་ནགས་ཚལ་ཞན་སྒྱུར་བྱེད་པའི་དབང་གིས་དྲོད་ཁང་གི་རླངས་འབུད་ཚད་གཞི་ཉུང་དུ་གཏོང་རྒྱུའི ” དབྱིན་ཡིག་གི་བསྡུས་བྲིས་ཡིན་ཞིང་། སྙན་ཞུ་དེ་འབྲི་མཁན་ཡ་མ་ཤུན་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་ལག་བསྟར་ཀྲུའུ་རེན་པ་ལུའོ ·མོ་ཏི་ཉིའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ནི་འཛམ་གླིང་ཡོངས་ཀྱི་བྱ་སྤྱོད་ཀྱི་འཆར་གཞི་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་མ་དངུལ་གྲབས་གསོག་བྱས་ནས་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་དང་དྲོད་ཁང་གི་རླངས་འབུད་ཉུང་གཏོང་གི་ལས་དོན་སྤེལ་རྒྱུ་དེ་ཡིན། བཟོ་ལས་ཅན་གྱི་རྒྱལ་ཁབ་ཀྱིས་དེ་སྔོན་ཐཱན་རྒྱུ་འབོར་ཆེན་འབུད་མྱོང་ཡོད་པ་དེས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོ་རུ་འགྲོ་བར་འགན་འཁྲི་གཙོ་བོ་འཁུར་དགོས་ཀྱི་ཡོད་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལམ་སྲོལ་ REDD དེ་སྤྱད་ནས་བཟོ་ལས་ཅན་གྱི་རྒྱལ་ཁབ་ལ་དགོས་ངེས་ཀྱི་མ་དངུལ་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནགས་ཚལ་སྲུང་སྐྱོང་ཐད་འབད་བརྩོན་བྱས་པར་ཁ་གསབ་སྤྲོད་རྒྱུའི་རེ་བ་བཏོན་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།