དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཛ་དྲག་གི་ཚོགས་འདུ་འཚོགས་ནས་དྲུང་ཆེ་གསར་པའི་འོས་མི་འདེམས་རྒྱུའི་ཐད་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སྤྱི་ཁྱབ་གནས་ཡུལ་ཨེ་ཅེབ་ཀྱི་རྒྱལ་ས་ཁེ་རོ་རུ་ཕྱི་འབྲེལ་དཔོན་གྱི་ཛ་དྲག་ཚོགས་འདུ་འཚོགས་ནས་དྲུང་ཆེ་གསར་པའི་འོས་མི་དང་དབུས་ཤར་ས་ཁུལ་གྱི་དུས་བབ་སོཌ་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་པ་རེད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ད་ལྟའི་དྲུང་ཆེ་མུ་ས་ཡི་ལས་འགན་འཁུར་ཡུན་ཟླ་བ་ལྔ་པའི་ཟླ་མཇུག་བར་ཡིན་ཞིང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་ཀྱིས་གྲོས་བསྡུར་གྱི་རྩ་དོན་ལ་གཞིགས་ཏེ་དྲུང་ཆེ་གསར་པའི་འོས་མི་འདེམས་རྒྱུའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་རེད། ཚོགས་འདུའི་ཐོག་ད་དུང་ནར་འགྱངས་བྱས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གཙོ་བདག་གི་ཚོགས་འདུ་སྐབས་ཉེར་གསུམ་པ་འཚོག་རྒྱུའི་དུས་ཚོད་ཀྱི་གནད་དོན་ཐད་ལའང་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།