དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨེ་ཅིབ་ཀྱི་རིག་གནས་ཤུལ་བཞག་སྟེ། ཨ་པུའུ་ཤིན་པེ་ཆོས་ཁང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        

        འདི་ནི་ཟླ་5ཚེས་7ཉིན་པར་བླངས་པའི་ཨེ་ཅིབ་ཀྱི་ཨ་པུའུ་ཤིན་པེ་ཆོས་ཁང་གི་རྡོའི་སྐུ་བཪྙན་ཆེན་པོ་དེ་ཡིན།

    ཨ་པུའུ་ཤིན་པེ་ཆོས་ཁང་ནི་ཨེ་ཅིབ་ཀྱི་ཨ་སི་དབང་ལྷོ་རྒྱུད་ཀྱི་སྤྱི་ལེ་280ཡི་སར་གནས་པ་དང་སྤྱི་ལོའི་གོང་གི་ལོ་1275ལོར་བསྐྲུན་པ་དང་གནའ་བོའི་ཨེ་ཅིབ་ཀྱི་སྐད་གྲགས་ཡོད་པའི་རྒྱལ་པོ་ལ་མའེ་ཤིས་སི་སྐྱེས་ཕྲེང་གཉིས་པར་བསྐྲུན་ཡོད། དུས་རབས་གོང་མའི་ལོ་རབས་60པར་ཨེ་ཅིབ་ཀྱིས་ཨ་སི་དབང་ཆུ་རགས་སྐྲུན་རྩིས་བྱེད་སྐབས་ཆོས་ཁང་དེ་ཆུའི་དཀྱིལ་དུ་དིམ་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་ཆོས་ཁང་དེ་མྱུར་སྐྱོབ་བྱ་རྒྱུའི་འབོད་སྐུལ་བྱས་པར་རྒྱལ་ཁབ་51གིས་དང་ལེན་ཞུས་ཡོད། 1960ལོ་ནས་བཟུང་རྒྱལ་ཁབ་24ཡི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱིས་ས་ཁོངས་སུ་རྩད་ཞིབ་བྱས་ནས་གཞི་ཁྱོན་ཆེ་བའི་མྱུར་སྐྱོབ་ཀྱི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་ཡོད། ཆོས་ཁང་22ལ་ཚད་འཇལ་གཏན་འཁེལ་གྱི་རྩིས་བརྒྱབ་པ་བརྒྱུད་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་དང་དེ་རྗེས་དེའི་སྔར་ཡོད་ཀྱི་རྣམ་པ་བསྐྱར་སྐྲུན་བྱས་ཤིང་། དུས་ཡུན་ལོ་18ནང་གཞི་ནས་ལེགས་གྲུབ་བྱུང་ཡོད། (ཤིན་ཧྭ་གསར་འགྱུར་ཁང་གི་པར་ཟིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།