དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧན་གོའི་རྒྱལ་སར་འབར་གཏོར་གྱི་དོན་རྐྱེན་གཉིས་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲོའར་ནས་ཟླ་5 ཚེས་12 ཉིན་གློག་འཕྲིན་འབྱོར་གསལ། ཚེས་12 ཉིན་གྱི་སྔ་དྲོ་ཧན་གོའི་ཧྲོའར་གྲོང་ཁྱེར་གྱི་ཧྲོའར་མེ་འཁོར་བབས་ཚུགས་དང་ཅང་ནན་མྱུར་བགྲོད་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་སུ་འབར་གཏོར་གྱི་དོན་རྐྱེན་ཐེངས་གཉིས་ཐོན་རུང་མི་འཆི་རྨས་བྱུང་མེད་པ་རེད། ཧན་གོའི་ཉེན་རྟོག་ཕྱོགས་ཀྱིས་འབར་གཏོར་གྱི་དོན་རྐྱེན་དེ་གཉིས་པོར་བརྟག་དཔྱད་བྱས་ནས་འཇིགས་སྐུལ་གྱི་དོན་རྐྱེན་དང་འབྲེལ་བ་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། མིག་སྔར་ཧན་གོའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་གཉིས་པོར་མཇུག་སྡོམ་བྱས་མེད་པ་དང་འབར་གཏོར་གྱི་དོན་རྐྱེན་དེ་གཉིས་པོ་བཟོ་མཁན་ནི་མི་གཅིག་ཡིན་ཁར་རང་བཟོས་འབར་མདེལ་སྤྱད་པའི་ཚོད་དཔག་རགས་ཙམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།