མི་དམངས་ཉིན་རེའི་ཚགས་པར་ཁང་དུ་དབྱི་སི་ལམ་པའོ་དང་རྡི་ལི་གསར་པ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ས་གནས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་12ཉིན་རྒྱ་གར་གྱི་ཙུང་ལི་ཤིན་ཀེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་འགོ་ཚུགས་ཤིང་། དེ་ནི་ལོ་དྲུག་རིང་ཤིན་ཀེས་ཨ་ཧྥུ་ཀ་ནི་སི་ཐན་ལ་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཀེས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཁའར་ཀྲ་དབྱི་དང་འཇིགས་སྐུལ་ལ་ངོ་རྒོལ་དང་། ས་ཁུལ་འཕེལ་རྒྱས། རྒྱ་གར་གྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།