དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སི་ཕེན་གྱི་ཤར་ལྷོ་རྒྱུད་ཀྱི་ས་ཡོམ་ཁྲོད་མ་མཐར་ཡང་མི་9ཤི་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་སི་ཕེན་གྱི་ཀེ་ལ་ན་ཏ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། སི་ཕེན་གྱི་ཤར་ལྷོ་རྒྱུད་ཀྱི་མོའར་ཤི་ཡ་རང་སྐྱོང་ལྗོངས་ལོའར་ཁ་གྲོང་ཁྱེར་དུ་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་ས་ཡོམ་རིམ་པ་4.5དང་5.1བསྟུད་མར་ཐེངས་གཉིས་བརྒྱབ་པས་མིག་སྔར་མི་9ཤི་བ་དང་མི་200ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། གསར་འགོད་པས་གནས་ཚུལ་སྤེལ་བའི་བར་ཀྲུང་གོ་བ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ས་དབུས་རྒྱ་མཚོའི་མཚོ་ངོགས་ཀྱི་མོའར་ཤི་ཡ་རང་སྐྱོང་ལྗོངས་ནི་སི་ཕེན་གྱི་ས་ཡོམ་རྒྱག་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ས་ཁུལ་དེར་2005ལོར་ས་ཡོམ་རིམ་པ་4.6བརྒྱབ་མྱོང་ཡོད་པ་རེད།

        ཟླ་5ཚེས་12ཉིན་གྱི་ཐོ་རེངས་སུ་སི་ཕེན་ཤར་ལྷོ་རྒྱུད་ཀྱི་གནའ་གྲོང་ལོར་ཁ་རུ་ལས་དོན་པས་ཁང་པའི་ཕྱིར་ལུས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དངོས་པོ་སྤྲད་པ།

        ཟླ་5ཚེས་12ཉིན་གྱི་ཐོ་རེངས་སུ་སི་ཕེན་ཤར་ལྷོ་རྒྱུད་ཀྱི་གནའ་གྲོང་ལོར་ཁ་རུ་ཉེན་རྟོག་པ་གཉིས་ཀྱིས་ས་ཡོམ་བརྒྱབ་ནས་ལོག་པའི་བསྐྲུན་དངོས་ལ་ལྟ་ཞིབ་བྱས་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།