དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མོང་གོལ་རྒྱལ་མཚམས་ནང་གི་རྐྱང་རྩ་སྟོངས་སུ་འགྲོ་ཉེན་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཨོ་ལན་དཔའ་ཐུལ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། མོང་གོལ་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་གསར་ཤོས་ཐོག་ནས་རྒྱལ་མཚམས་ནང་གི་རྐྱང་ཁྱུ་རྩ་སྟོངས་སུ་འགྲོ་ཉེན་ཡོད་པ་མངོན་ཡོད།

        ས་གནས་དེ་གའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བ་གཞིར་བཟུང་། སྣང་ཚུལ་དེ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་མོང་གོལ་རྒྱལ་མཚམས་ནང་གི་ལྕགས་ལམ་ལམ་ཐིག་དང་དེ་བཞིན་ར་སྐོར་སྣ་ཚོགས་ལས་རྐྱང་ངལ་གསོ་ཡུལ་ཁ་ཐོར་དུ་ཕྱིན་ནས་རྐྱང་རང་བྱུང་ཁམས་ནང་གནས་སྤོ་བྱ་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཕོག་པ་དེ་རེད། གཞན་ཡང་ས་གནས་དེ་གའི་འབྲོག་པས་གང་བྱུང་དུ་འདེད་པ་དང་ཁྲིམས་འགལ་ངང་རྔོན་རྒྱག་པ་དེའང་གལ་ཆེའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད།

        ཞིབ་འཇུག་པས་མོང་གོལ་རྒྱལ་ཁབ་ལྷོ་རྒྱུད་ཀྱི་བྱེ་ཐང་ས་ཁུལ་གྱི་ངལ་གསོ་ཡུལ་དུ་རྐྱང་འཚོ་གནས་བྱེད་པའི་རྣམ་པར་འགྲན་སློང་ཚབས་ཆེན་འཕྲད་པར་ས་གནས་དེ་གའི་སྲིད་གཞུང་གིས་ཆེད་མངགས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ཁུལ་བཙུགས་ཀྱང་རྐྱང་དེ་དག་གི་འཚོ་གནས་རྣམ་པར་སྔར་བཞིན་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་ཅེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།