དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་ཚད་ལས་བརྒལ་བའི་ཉིང་རྡུལ་ཆུ་སྙིགས་སླར་ཡང་རྒྱ་མཚོའི་ནང་ཤོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་གྱི་ཆུ་ཚོད་10དང་སྐར་མ་30ལྷག་ཙམ་ལ་རི་པིན་གྱི་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་ཨང་3པའི་ཆུ་འདྲེན་སྦུག་གའི་ཉེ་འགྲམ་ནས་ཉིང་རྡུལ་འདུས་པའི་ཆུ་སྙིགས་རྒྱ་མཚོའི་ནང་ཤོར་བ་ཤེས་རྟོགས་བྱུང་ཞིང་། མ་དཔེ་བླངས་ནས་ཞིབ་དཔྱད་ཚད་ལེན་བྱས་པའི་འབྲས་བུའི་ཐོག་ནས་མངོན་པར། ཉིང་རྡུལ་ཆུ་སྙིགས་ནང་ཚད་ལས་ལྡབ་ཁྲི་62བརྒལ་བའི་སེས་134དང་། ཚད་ལས་ལྡབ་ཁྲི་43བརྒལ་བའི་སེས་137 ཚད་ལས་ལྡབ་ཁྲི་8.5བརྒལ་བའི་ཏེན་131སོགས་འདུས་ཡོད་པ་རེད། ཆུ་ཚོད་18དང་སྐར་མ་45ཡི་ཐོག་འབྲེལ་ཡོད་མི་སྣས་ཨར་འདམ་སོགས་ཀྱིས་ཉིང་རྡུལ་ཤོར་ས་དེ་བཀག་ཡོད། ཏུང་ཅིང་གློག་ཤུགས་ཀུང་སིས་གར་ཚད་ཆེ་བའི་ཉིང་རྡུལ་ཆུ་སྙིགས་ལ་མུ་མཐུད་བརྟག་དཔྱད་དང་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།