དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མི་ཤེ་ཤེ་པི་གཙང་རྒྱུད་དུ་ལོ་74རིང་གི་ཆུ་ལོག་ཆེ་ཤོས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལུའོ་ཧྲན་ཅི་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་གཟའ་འཁོར་གཉིས་རིང་མི་ཤེ་ཤེ་པི་གཙང་པོ་དང་དེ་བཞིན་དེའི་ཆུ་ཕྲན་ཨོ་ཧེ་ཨོ་གཙང་རྒྱུད་དུ་ཆར་པ་འབབ་ཚད་རྒྱུན་གཏན་ལོའི་དུས་མཚུངས་ཀྱི་ལྡབ་6ལྷག་ཙམ་ཟིན་ནས་1937ལོ་ཚུན་གྱི་ཆུ་ལོག་ཆེ་ཤོས་དེ་བྱུང་བ་རེད།

        ཨ་རིའི་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན། མི་ཤེ་ཤེ་པི་གཙང་པོ་རྒྱུག་ཁུལ་གྱི་ཆུ་ལོག་གི་ཉེན་ཁ་དེ་གཟའ་འཁོར་གཅིག་ནས་གཉིས་བར་རྒྱུན་མཐུད་ནས་ཡོང་རྒྱུ་ཡིན་མོད། འོན་ཀྱང་མི་ཤེ་ཤེ་པི་གཙང་པོའི་ད་ལྟའི་ཆུ་རགས་དེ་1937ལོར་ཆུ་ལོག་བྱུང་རྗེས་བསྐྲུན་པ་ཞིག་ཡིན་པ་དང་ཐེངས་འདིར་ཆུ་རྒྱས་ཚད་དེ་སྔོན་མའི་ཟིན་ཐོ་མཐོ་ཤོས་ལས་བརྒལ་བཟོ་མེད་པ་མངོན་གྱི་ཡོད་པ་རེད།

        ཨ་རིའི་གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པ་གཞན་ཞིག་ལ་གཞིགས་ན་། ལ་ཉི་ནའི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ཨ་རིའི་ཡིའུ་ཐ་ཀྲོའུ་ཡི་བྱང་རྒྱུད་དང་། ཧུའེ་ཨོ་མིང་ཀྲོའུ། མོང་ཏ་ན་ཀྲོའུ་བཅས་སུ་ཆུ་ལོག་ཡོང་ཉེན་ཆེན་པོ་ཡོད། ཡིན་ནའང་ཁོ་ལུའོ་ལ་ཏོ་ཀྲོའུ་ཡི་ཤར་རྒྱུད་ས་ཁུལ་དང་། ཤིན་མོ་ཤིས་ཀོ་ཀྲོའུ། ཡ་ལི་སང་ན་ཀྲོའུ་བཅས་སུ་ཐན་པ་ཚབས་ཆེན་དང་ནགས་ཚལ་ལ་མེ་སྐྱོན་གྱི་ཉེན་ཁ་འཕྲད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།