དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡེ་མེན་བྱང་རྒྱུད་ཀྱི་ངོ་ལོག་ཟིང་འཁྲུག་ནང་སྲིད་གཞུང་དམག་གི་དམག་དཔོན་7དྲག་ཆས་བཙན་ཁྲིད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ས་ན་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་10ཉིན་ཡེ་མེན་བྱང་རྒྱུད་ཀྱི་ཅའོ་ཕུའུ་ཞིང་ཆེན་གྱི་ཧྲི་ཡེ་ཤོག་ཁག་ཧུའུ་སའེ་ཡི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ངོ་ལོག་ཟིང་འཁྲུག་གི་དྲག་ཆས་པས་ས་ཆ་དེ་ནས་སྲིད་གཞུང་དམག་གི་དམག་དཔོན་7བཙན་ཁྲིད་བྱས་པ་རེད།

        ས་གནས་དེ་གའི་བདེ་འཇགས་ཀྱི་དཔོན་རིགས་ཤིག་གིས་གསར་འགོད་པར་དམག་དཔོན་7པོ་དེ་དག་ཉིན་དེའི་ཞོགས་པ་རྒྱལ་ས་ས་ན་ནས་ཁོང་ཚོ་སྡོད་ས་ཅའོ་ཕུའུ་ཞིང་ཆེན་གྱི་དམག་སྒར་དུ་ཕྱིར་ལོག་བྱེད་པའི་ལམ་བར་དུ་ཧུའུ་སའེ་ཡིས་དྲག་ཆས་བཙན་ཁྲིད་བྱས་པ་རེད་ཅེས་བཤད།

        དཔོན་རིགས་དེས་མིག་སྔར་དྲག་ཆས་པས་བཙན་ཁྲིད་བྱེད་དོན་གང་ཡིན་གསལ་པོ་ཤེས་ཀྱི་མེད་པ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།