དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་སྲོལ་རྒྱུན་ཞིང་པའི་སྡོད་ཁང་སྟེ་པེ་ཁྲོན་ཤང་གི“གཏོར་གཟུགས”ཀྱི་སྡོད་ཁང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་པེ་ཁྲོན་ཤང་གི “གཏོར་གཟུགས ”ཀྱི་འཛུགས་སྐྲུན་དངོས་པོ་དུ་མ་ཡོད་པའི་གྲོང་ཚོ་དེ་རི་པིན་ཆི་ཕུའུ་རྫོང་པེ་ཁྲོན་གྲོང་ཚོར་ཡོད་པ་དང་གྲོང་ཚོ་དེའི་ནང་ད་ལྟའང “གཏོར་གཟུགས ”ཀྱི་འཛུགས་སྐྲུན་དངོས་པོ་100 ལྷག་ཙམ་ཡོད་པ་དང་མིག་སྔར་དེར་སྡོད་མཁན་གྲོང་མི་ 600 ལྷག་ཙམ་ཡོད་པ་རེད། “གཏོར་གཟུགས ”ཀྱི་སྡོད་ཁང་ནི་རི་པིན་གྱི་གྲོང་གསེབ་ཀྱི་སྲོལ་རྒྱུན་གྲོང་མིའི་སྡོད་ཁང་འཛུགས་སྐྲུན་བྱེད་སྟངས་ཤིག་ཡིན་ཞིང་། རྒྱུ་ཤིང་ལས་གྲུབ་པ་དང་། གཟེར་གཅིག་ཀྱང་རྒྱག་མི་དགོས་པ། ཁང་པའི་ཐོག་ཏུ་རྩྭ་རམ་པས་འགེབ་པ་བཅས་ཀྱི་སྡོད་ཁང་དེ་ཐལ་མོ་སྦྱར་བ་བཞིན་ཡོད་པས་དེར “གཏོར་གཟུགས ”ཀྱི་སྡོད་ཁང་ཞེས་བརྗོད་ཅིང་།

        2011ལོའི་ཟླ་5ཚེས་9ཉིན་པར་ལེན་བྱས་པའི་རི་པིན་པེ་ཁྲོན་ཤང་གི “གཏོར་གཟུགས ”ཀྱི་སྡོད་ཁང་དུ་མ་ལྡན་པའི་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།