དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བགྲོད་ལམ་གྱི་བདེ་འཇགས་ལ་བརྟག་དཔྱད་བྱས་པའི་སྐོར་གྱི་སྙན་ཞུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། རེ་ནེ་ཝ་ནས་གནས་ཚུལ་འབྱོར་པ་གཞིར་བཟུང་། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ 178 ཀྱི་བགྲོད་ལམ་ཀྱི་བདེ་འཇགས་ལ་རྒྱ་ཁྱབ་ཏུ་ཚོད་སྐོར་ཐེངས་དང་པོ་བྱས་རྗེས་སྙན་ཞུ་ཞིག་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུ་དེའི་ནང་བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་གནད་དོན་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་ལྷག་པར་དུ་ཡོང་འབབ་དམའ་བ་དང་ཡོང་འབབ་འབྲིང་བའི་རྒྱལ་ཁབ་ཏུ་གནད་དོན་དེ་དེ་བས་ཚབས་ཆེན་པོ་ཡོད་ཅེས་འཁོད་ཡོད་པ་རེད།

        འཕྲོད་བསྟེན་རྩ་འཛུགས་ཀྱིས་འདི་ཟླའི་ཚེས་ 11 ཉིན་ནས་བཟུང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཅུ་ཕྲག་འགའ་ཞིག་ཏུ “2011 ལོ་ནས་ 2020 བར་གྱི་བགྲོད་ལམ་བདེ་འཇགས་བྱ་སྤྱོད་ཀྱི་ལོ་བཅུའི་འཛམ་གླིང་ཡོངས་ཀྱི་འཆར་གཞི ”དང་པོ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་ཆབས་ཅིག་བྱེད་ཐབས་གསར་པ་སྤྱད་དེ་རང་རེའི་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་གྱི་ཆག་སྒོའི་ནང་འཆི་རྨས་བྱུང་གྲངས་ཉུང་དུ་གཏོང་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་པ་དེའི་དམིགས་ཡུལ་ནི་མི་ཁྲི་ 500 ཡི་ཚེ་སྲོག་སྐྱོབ་རྒྱུ་དང་འབྲེལ་མི་ཁྲི་5000 ལ་གནོད་སྐྱོན་ཚབས་ཆེན་ཕོག་རྒྱུ་སྔོན་འགོག་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད། བྱེད་ཐབས་ཞིབ་ཕྲའི་ནང་བགྲོད་ལམ་དང་འཁོར་རིགས་ཀྱི་བདེ་འཇགས་གནས་ཚུལ་ལེགས་སུ་གཏོང་རྒྱུ་དང་། མྱུར་སྐྱོབ་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། སྔར་བས་ཡོངས་ཁྱབ་ཀྱི་བགྲོད་ལམ་བདེ་འཇགས་དོ་དམ་སྡེ་ཚན་འཛུགས་རྒྱུ་ལ་སོགས་ཚུད་ཡོད་པ་དང་དུས་མཚུངས་སུ་འབྲེལ་ཡོད་ཉེན་འགོག་རྨོག་ཞྭ་དང་། ཉེན་འགོག་ཐག་པ། བྱིས་པ་ཚོད་འཛིན་བཅས་ཀྱི་སྒྲིག་ཆས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།