དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དུས་བབ་ཟང་ཟིང་ཆེ་བ་དེས་ཨེ་ཅིབ་ཀྱི་འབྲུ་གོང་འཕར་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅའོ་ཞང་གིས།   |     སྤེལ་དུས།  2015-05-15

        མི་རིང་བར་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཙུའོ་ལི་ཁེས་ཨེ་ཅིབ་ཀྱི་འབྲུ་གོང་འཕར་ཚད་དེ་ 10 % ལས་བརྒལ་ཡོད་ཅེས་ཉེན་བརྡ་བཏང་མྱོང་ཡོད་རུང་ཨེ་ཅིབ་དང་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཨེ་ཅིབ་ཀྱི་འབྲས་གོང་ 15 %དང་སྣུམ་གོང་ 5 % འཕར་བ་མ་ཟད་འབྲུ་རིགས་གཞན་དག་གི་གོང་ཚད་དེའང་ཚད་གཞི་མི་འདྲ་བའི་སྒོ་ནས་འཕར་ཡོད། སྐྱེ་བོ་ཀུན་སེམས་ཁྲལ་བྱེད་དགོས་པ་ཞིག་ནི་ཨེ་ཅིབ་ཀྱིས་མི་དབུལ་པོར་མཁོ་འདོན་བྱེད་པའི་འབྲས་དེ་ཟླ་བ་གཅིག་ཀྱང་འདང་གི་མེད་པ་དང་ཁྲོམ་རའི་ཐོག་མངར་ཆ་མཁོ་འདོན་བྱེད་ཚད་དེའང་ཉིན་40 ལས་འཁྱོལ་ཐུབ་ཀྱི་མེད་པ་དེ་རེད།

        རྒྱལ་སྤྱིའི་ཐོག་འབྲུ་གོང་དང་ནུས་ཁུངས་ཀྱི་གོང་ཚད་ཆེས་ཆེར་འཕར་བའི་དུས་བབ་འོག་ཨེ་ཅིབ་ཀྱི་འབྲུ་གོང་དེའང་ཞོར་དུ་འཕར་འགྲོ་གི་ཡོད་པ་དང་དེ་རྒྱལ་ཁབ་ཁག་ཏུ་མཁོ་སྤྲོད་ཀྱི་འབྲེལ་བར་འགྱུར་བ་ཡོངས་ཁྱབ་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་ཕུད་ད་དུང་ཕྱོགས་གཞན་ཐད་ཀྱི་རྒྱུ་རྐྱེན་ལྷག་ཡོད་པ་སྟེ།

        དང་པོ། འཛའ་ཐང་ལ་འགྱུར་བ་བྱུང་བ་དེ་འབྲུ་གོང་ཚུད་པའི་ཨེ་ཅིབ་ཀྱི་ཟོག་གོང་ཧྲིལ་པོ་འཕར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ཞིང་། ཨེ་ཅིབ་ཀྱི་དུས་བབ་ཟང་ཟིང་ཆེ་བའི་དབང་གིས་ཨེ་ཅིབ་ཀྱི་ཕྱི་དངུལ་གསོག་འཇོག་བྱེད་ཚད་དེ་ལོ་འགོའི་ཨ་སྒོར་དུང་ཕྱུར་420 ནས་ད་ལྟའི་ཨ་སྒོར་དུང་ཕྱུར་300 བར་ཉུང་དུ་ཕྱིན་པ་དེས་ཨེ་ཅིབ་ཀྱི་དངུལ་ལོར་གྱི་འཛའ་ཐང་ཆག་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་མིག་སྔར་ཨ་སྒོར་དང་ཨེ་ཅིབ་ཀྱི་དངུལ་ལོར་བརྗེ་བའི་འཛའ་ཐང་དེ་ལོ་འགོའི་1 བསྡུར་5.6 ནས་1 བསྡུར་5.95བར་ཆག་ཡོད་པ་རེད། ཉེ་ཆར་ཨེ་ཅིབ་ཀྱི་ནོར་སྲིད་པུའུ་ཀྲང་ལ་ཏེ་དབན་གྱིས་ཨེ་ཅིབ་ཏུ་དངུལ་ལོར་འགྲེམས་ཐལ་ཤོར་ཚད་དེ་11.8% ཟིན་ནས་རྒྱལ་ནང་དུ་ལས་རིགས་ཁག་གིས་གླ་ཕོགས་ཀྱི་ཐོབ་ཐང་དང་ཕོགས་སྣོན་མཐོ་རུ་གཏོང་རྒྱུའི་རེ་འབོད་ཆེན་པོ་བྱེད་ཀྱི་ཡོད་པས་ཨེ་ཅིབ་སྲིད་གཞུང་ལ་དངུལ་ལོར་མང་དུ་འགྲེམས་པའི་གནོན་ཤུགས་ཆེན་པོ་འཕྲད་ཡོད། དངུལ་ལོར་མང་པོ་བཀྲམས་དྲགས་ན་དངུལ་ལོར་འགྲེམས་ཐལ་ཤོར་རྒྱུ་དེ་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་འབྲུ་གོང་ཆེས་ཆེར་འཕར་སྲིད་པ་དང་།

        གཉིས་པ། ཚོང་པས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པ་དེས་འབྲུ་གོང་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ཅིང་། ཨེ་ཅིབ་ཀྱི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྨྱོ་བ་ལྟར་གྱི་ལྐོག་ཚོང་བྱས་པ་དེ་ནི་ཨེ་ཅིབ་ཀྱི་འབྲས་གོང་ཆེས་ཆེར་འཕར་རྐྱེན་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མིག་སྔར་ཨེ་ཅིབ་འདི་ཉིད་ལོ་ལེགས་བྱུང་བའི་དུས་ཚིགས་ཀྱི་བར་གསེང་དུ་གནས་ནས་རྒྱལ་ནང་དུ་མཁོ་འདོན་བྱ་རྒྱུ་ཤིན་ཏུ་འདང་གི་མེད། ཨེ་ཅིབ་ཏུ་ཐོན་པའི་འབྲས་ཀྱི་སྤུས་ཀ་ལེགས་པོ་ཡོད་ནའང་འཚོང་གོང་དེ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གི་འབྲས་གོང་ལས་དམའ་བ་ཡོད་པར་བརྟེན་ས་ཁུལ་གྱི་ཁྲོམ་རའི་ཐོག་དེ་བས་མཁོ་འདོན་བྱེད་ཐུབ་ཀྱི་མེད་པ་རེད། གནས་ཚུལ་དེ་འདྲའི་འོག་ཨེ་ཅིབ་སྲིད་གཞུང་གིས་ཕྱིར་གཏོང་བཀག་རྒྱ་ཡོངས་བསྒྲགས་བྱས་རུང་ཁྲིམས་འགལ་ཚོང་པ་ཁག་གཅིག་གིས་ཐབས་བརྒྱ་ཇུས་སྟོང་ངང་ཨེ་ཅིབ་ཀྱི་འབྲས་ལྐོག་ཚོང་བརྒྱབ་ནས་ཕྱིར་གཏོང་བྱ་རྒྱུ་བཀའ་འགོག་བྱེད་ཐུབ་ཀྱི་མེད་པ་དེས་མ་གཞི་ནས་ཤིན་ཏུ་དཀོན་པའི་འབྲས་དེ་དེ་བས་དཀོན་དུ་ཕྱིན་པ། གསུམ་པ། རྨོ་ཞིང་ཉུང་དུ་ཕྱིན་པ་དེ་ནི་ཨེ་ཅིབ་ཀྱི་འབྲུ་གོང་འཕར་རྐྱེན་གཙོ་བོ་དེ་ཡིན་ཞིང་། ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱང་ཚོར་དང་བར་སྣང་ཚན་རིག་སྒྲིག་གཞིའི་སྲུང་སྐར་རི་མོ་གསར་ཤོས་ཐོག་ནས་མངོན་དོན། ཨེ་ཅིབ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་དེས་རྨོ་ཞིང་བཟུང་སྤྱོད་བྱེད་ཚད་ལོ་ལྟར་2%ནས་3%བར་ཟིན་ཡོད་པ་རེད། སྒྲིག་གཞི་དེས་ཞིབ་འཇུག་བྱས་ནས་རྒྱལ་ཁབ་ལ་ཞིང་ལས་ཐོན་སྐྱེད་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཡོད་རུང་ཕུགས་ཀྱི་འཐབ་ཇུས་འཆར་འགོད་མེད་པ་དང་གྲོང་ཁྱེར་དེ་རྒྱ་བསྐྱེད་གང་བྱུང་བཏང་བ་དེས་ལོ་ལྟར་ས་ཞིང་མང་པོ་ཞིག་བཟུང་སྤྱོད་བྱས་ནས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ཆག་པ་དང་འབྲུ་གོང་འཕར་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་ཡོད་པའི་ངོས་འཛིན་བྱེད་པ་བཅས་རེད།

        འབྲུ་གོང་འཕར་བའི་གནོན་ཤུགས་འཕྲད་སྐབས་ཨེ་ཅིབ་སྲིད་གཞུང་གིས་ནོར་སྲིད་སྔོན་རྩིས་ཨ་སྒོར་དུང་ཕྱུར་ 17 གང་མྱུར་མང་དུ་བཏང་སྟེ་འབྲུ་གོང་འཕར་བར་ཚོད་འཛིན་བྱ་རྒྱུར་སྤྱད་པ་དང་ཙུང་ལི་ཞེ་ལ་ཕུའུ་ཡིས་ཀྱང་མཁོ་ཚོང་མཉམ་ལས་ཁང་དང་བརྒྱུད་འཚོང་བྱེད་མཁན་གཞན་དག་ལ་མུ་མཐུད་མཁོ་འདོན་བྱེད་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། དེ་དང་ཆབས་ཅིག་མཐའ་འཁོར་གྱི་ཨ་རབ་རྒྱལ་ཁབ་ཀྱིས་ཀྱང་ཨེ་ཅིབ་ལ་རོགས་སྐྱོར་བྱས་ཡོད་ཅིང་། ཧྲ་ཐེ་དང་ཨེ་ཅིབ་བཟོ་ཚོགས་ཀྱིས་ཨེ་ཅིབ་རྒྱལ་ཡོངས་ཀྱི་ཞིང་ཆེན་7 དུ་འབྲུ་རིགས་གསོག་འཇོག་བྱེད་ཚད་ཏུན་ཁྲི་ 25 ཟིན་པའི་འབྲུ་མཛོད་ 42 བསྐྲུན་རོགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པར་གཞིགས་ན། ཉེ་ཆར་ཨེ་ཅིབ་ཀྱི་ཚལ་གོང་དང་འབྲས་གོང་འཕར་ཚད་དེ་ཅུང་འགོར་དུ་འགྲོ་འགོ་ཚུགས་ཡོད་ཅིང་། ཨེ་ཅིབ་བའི་དུས་བབ་ཞི་ལྷོད་དུ་ཕྱིན་པའི་རྐྱེན་གྱིས་འབྲུ་རིགས་གསོག་འཇོག་བྱེད་པའི་སྣང་ཚུལ་མཚམས་འཇོག་བྱས་པ་དང་སྦྲགས་ཨེ་ཅིབ་ཀྱི་འབྲུ་གོང་ཆག་རེ་ཡོད་རུང་རྩ་བའི་ཐོག་ནས་འབྲུ་གོང་གནད་དོན་ཐག་གཅོད་བྱེད་པར་ཨེ་ཅིབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱ་རྒྱུར་གཞི་ཚུགས་ནས་ཐོན་སྐྱེད་བྱེད་རྒྱུ་འགན་ལེན་བྱེད་དགོས། ཨེ་ཅིབ་ཀྱི་ཡུལ་མི་ཞིག་གིས་བཤད་པ་ལྟར། “མིས་ལས་ཀ་མ་བྱས་ཀྱང་ལྟོ་ཟ་དགོས་པས་འབྲུ་གོང་མི་འཕར་ག་ལ་སྲིད ”ཅེས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།