དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་ས་གནས་ཁག་ཏུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་66 འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        འདི་ནི་ཟླ་5ཚེས་9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་གཉེར་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཤིའར་ཅིའུ་ཁོ་ཕུའུ་ཡིས་དཔུང་སྡེར་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།

        འདི་ནི་ཟླ་5ཚེས་8ཉིན་ཨེ་སོ་ནི་ཡའི་རྒྱལ་ས་ཐ་ལིན་གྲོང་འདབས་ཀྱི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་ཐང་ཆེན་ཐོག་ཨེ་སོ་ནི་ཡའི་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཞུགས་མཁན་དམག་མི་རྒན་གྲས་ཀྱིས་དྲན་གསོའི་མཛད་སྒོའི་ནང་ཞུགས་པའི་གནས་ཚུལ་ཡིན་པ།  

        ཟླ་5ཚེས་9ཉིན་མོ་སི་ཁོའི་ཐང་ཆེན་དམར་པོར་ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ཞིང་། 1945ལོའི་ཟླ་5ཚེས་8ཉིན་གྱི་དགོང་མོ་ན་ཙི་འཇར་མན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་འདོགས་པའི་མཛད་སྒོ་དེ་པེར་ལིན་དུ་གཉེར་བ་དང་མགོ་འདོགས་ཡི་གེ་དེ་ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་12ནས་བཟུང་གོ་ཆོད་ཀྱི་ཡོད་པ་རེད། དུས་ཚོད་ཀྱི་ཧེ་བག་གི་རྐྱེན་པས་སྐབས་དེ་དུས་སུའུ་ལན་དུ་ཚེས་9ཉིན་གྱི་ཐོ་རེངས་ཡིན་པར་བརྟེན་སུའུ་ལན་གྱིས་ཟླ་5ཚེས་9ཉིན་དེ་འཇར་མན་ཧྥ་ཤི་སི་ལས་རྣམ་པར་རྒྱལ་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དང་དེ་ནི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།