དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡ་སྲིད་གཞུང་དམག་གི་སྒྱོགས་མདེལ་ཐུ་ནི་སིའི་མངའ་ཁོངས་སུ་ལྷུང་བར་རྒོལ་གཏམ་ཕོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5 ཚེས་8 ཉིན་གློག་འཕྲིན་འབྱོར་གསལ། ཚེས་8 ཉིན་ལི་པི་ཡ་སྲིད་གཞུང་དམག་དང་ངོ་རྒོལ་ཤོག་ཁག་དྲག་ཆས་ཀྱིས་ལི་པི་ཡའི་ནུབ་རྒྱུད་དང་ཐུ་ནི་སིའི་འབྲེལ་མཚམས་ཝ་ཅིན་གྱི་ཏེ་ཤི་པེ་མཐའ་མཚམས་བགྲོད་ལམ་ཉེ་འཁོར་དུ་མུ་མཐུད་མེ་མདའ་རྒྱག་རེས་བྱས་པར་མི་40 ལྷག་ཙམ་ཤི་ཡོད་པ་རེད། དངོས་སུ་མཐོང་མཁན་གྱིས་ལི་པི་ཡ་སྲིད་གཞུང་དམག་གིས་ས་གནས་དེ་གའི་དུས་ཚོད་ཚེས་7 ཉིན་ནས་བཟུང་སྔ་རྗེས་སུ་ཏེ་ཤི་པེའི་སྐམ་སའི་བགྲོད་ལམ་ཉེ་འཁོར་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ལ་མེ་ཤུགས་འཕུར་མདའི་སྒྱོགས་མདེལ་ 300 ལྷག་ཙམ་བརྒྱབ་པའི་ནང་བཅུ་གྲངས་ཁ་ཤས་ཐུ་ནི་སིའི་མངའ་ཁོངས་སུ་ལྷུང་བ་དང་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་གྱི་མེ་མདའ་རྒྱག་རེས་དེའང་རྒྱུན་མཐུད་ངང་བྱེད་བཞིན་འདུག་ཅེས་བཤད་པ་རེད།

        ཐུ་ནི་སིའི་ཕྱི་འབྲེལ་པུས་ཚེས་7 ཉིན་གྱི་ཕྱི་ཙམ་ལ་གསལ་བསྒྲགས་སྤེལ་བ་ལས་མཐའ་མཚམས་ས་ཁུལ་གྱི་ལི་པི་ཡ་ཕྱོགས་ཀྱི་དམག་འཁྲུག་དེས་ཐུ་ནི་སིའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པ་མ་ཟད་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནོད་སྐྱོན་ཡང་ཕོག་ཡོད་པར་ཐུ་ནི་སིས་རྒོལ་གཏམ་བཏང་བ་མངོན་ཡོད། ཐུ་ནི་སི་ཕྱོགས་ཀྱིས་མིག་སྔར་སྐམ་སའི་བགྲོད་ལམ་སྒོ་རྒྱག་པའི་འཆར་གཞི་མེད་རུང་ཐུ་ནི་སི་ཕྱོགས་ཀྱིས་སྤྱོད་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་མངའ་ཁོངས་ས་ཆའི་བདག་དབང་ལ་སྲུང་སྐྱོང་དང་ས་གནས་དེ་གའི་སྤྱི་དམངས་དང་ཡུལ་གྱར་བའི་མི་ལུས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་ལུགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།