དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁོ་ཐེ་ཏི་ཝ་ཡིས་པ་པོ་སྟེང་ཞལ་ལ་ཁྲིམས་འཛིན་བརྟག་དཔྱད་དངོས་སུ་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཨ་པུ་ཅ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཁོ་ཐེ་ཏི་ཝའི་རྒྱལ་ཁབ་ཞིབ་དཔྱོད་དཔོན་སེན་ཕུའུ་ལིས་སི ·ཁོ་ཕེས་ཁོ་ཐེ་ཏི་ཝའི་ཙུང་ཐུང་ཟུར་པ་པ་པོ་སྟེང་ཞལ་ལ་ཁྲིམས་འཛིན་བརྟག་དཔྱད་དངོས་སུ་བྱེད་འགོ་བཙུགས་པ་རེད།

        ཧྥ་རན་སེའི་བཪྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་ཁོ་ཐེ་ཏི་ཝའི་རྒྱལ་ཁབ་ཞིབ་དཔྱོད་དཔོན་སེན་ཕུའུ་ལིས་སི ·ཁོ་ཕེས་ཁོ་ཐེ་ཏི་ཝའི་བྱང་རྒྱུད་གྲོང་ཁྱེར་ཁོ་ཧོ་ཀེ་རུ་བསྐྱོད་དེ་པ་པོ་བཟང་བཙོན་དུ་བཅུག་སའི་སྤྲོ་ཁང་ནང་པ་པོ་དང་དེར་རྒྱབ་སྐྱོར་བྱེད་མཁན་གྱིས་ཁོ་ཐེ་ཏི་ཝའི་འདེམས་བསྐོའི་རྗེས་ཀྱི་གཏུམ་སྤྱོད་དོན་རྐྱེན་ཁྲོད་ནུས་པ་བཏོན་པའི་ཐད་ཁྲིམས་འཛིན་བརྟག་དཔྱད་བྱས་པ་དང་འདྲི་རྩད་བྱེད་ཡུན་ཧྲིལ་པོ་ཆུ་ཚོད་གཅིག་ཙམ་ལོན་པ་དང་རྒྱལ་ཁོངས་ཧྥ་རན་སེ་ནས་ཡིན་པའི་པ་པོའི་ཁྲིམས་རྩོད་ཚོགས་པ་འདྲི་རྩད་ནང་ཞུགས་ཐུབ་མེད་པ་རེད།

        པ་པོའི་ཁྲིམས་འཛིན་འདྲི་རྩད་ཚོགས་འདུ་དེ་མ་གཞི་བྱས་ན་ཟླ་5ཚེས་4ཉིན་འཚོག་རྒྱུའི་གཏན་འཁེལ་བྱས་ཀྱང་དེའི་རྒྱལ་ཁོངས་ཧྥ་རན་སེ་ནས་ཡིན་པའི་བཤེར་རྩོད་དག་འབུད་ཁྲིམས་རྩོད་པ་གཉིས་ཀྱིས་ཁོ་ཐེ་ཏི་ཝར་བསྐྱོད་དེ་ཁྲིམས་འཛིན་འདྲི་རྩད་ནང་ཞུགས་རེ་བཏོན་སྟབས་ཚེས་6ཉིན་བར་ནར་འགྱངས་མ་བྱེད་ཀ་མེད་བྱུང་ཡོད། དེས་ན་ཚེས་6ཉིན་ཁོ་ཐེ་ཏི་ཝའི་གནས་སྤོས་ཡུལ་མི་ཅུས་ཀྱི་དཔོན་རིགས་ཀྱིས་ཁོང་གཉིས་པོར་ཁྲིམས་མཐུན་གྱི་རྒྱལ་གྲོལ་མཆན་འགོད་མེད་པས་ས་མཚམས་ནང་བསྐྱོད་དུ་བཅུག་མེད། དེ་རྗེས་ཁོ་ཕེས་པ་པོའི་འདྲི་རྩད་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཁྲིམས་རྩོད་པ་གཉིས་པོས་རྒྱལ་གྲོལ་མཆན་འགོད་བསྐྱར་དུ་སྙན་འབུལ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཁོ་ཕེས་ཚེས་8ཉིན་ཁོང་ཁོ་ཐེ་ཏི་ཝའི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨའོ་ཏེར་བསྐྱོད་དེ་པ་པོའི་བཟའ་ཟླ་ཤིས་མོང་ན ·པ་པོར་ཁྲིམས་འཛིན་རྩད་འདྲི་བྱ་རྒྱུ་ཡིན་ཞེས་བཤད་པ་དང་ཤེས་རྟོགས་བྱུང་བར་གཞིགས་ན། པ་པོས་ཁོ་ཐེ་ཏི་ཝའི་ཙུང་ཐུང་གི་འགན་འཁུར་རིང་ཤིས་མོང་ན་ནི་དེ་སྔོན་ཧ་ཅང་གལ་འགངས་ཆེ་བའི་མི་སྣ་ཞིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།