དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་མཐོ་རིམ་དཔོན་རིགས་ཀྱིས་རི་པིན་དུ་མུ་མཐུད་ཉིང་རྡུལ་གློག་ཁང་སྤྱོད་རྒྱུ་རེད་ཅེས་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། རི་པིན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཤན་ཀུའུ་ཡིའུ་རེན་གྱིས་ཚེས་8ཉིན་བཪྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས “པིང་ཀང་ཉིང་རྡུལ་གློག་ཁང་གནས་སའི་ཁུལ་དུ་ལོ་30ཡི་ནང་ཚུན་དུ་ས་ཡོམ་ཆེན་པོ་རྒྱག་སྲིད་ཚད་80%ཡན་ཟིན་པ་དང་གཞན་མིན་གྱི་ཉིང་རྡུལ་གློག་ཁང་ཕལ་ཆེ་བ་10%དང་ཐ་ན་1%ལས་དམའ་བ་ཡོད ”ཅེས་གསུངས་པ་མ་ཟད། པིང་ཀང་ཉིང་རྡུལ་གློག་ཁང་དེ་དམིགས་གཏན་འཁེལ་བའི་ས་ཁམས་ཀྱི་གནས་བབ་ཐོག་གནས་ཡོད་པའི་ནན་བཤད་ཀྱང་གནང་བ་རེད། ཤན་ཀུའུ་ཡིས་ད་དུང “རི་པིན་མཚོ་དང་དེ་བཞིན་ལའེ་ཧུའུ་ནང་མཚོའི་མཚོ་འགྲམ་གྱི་ཉིང་རྡུལ་གློག་ཁང་ལ་གཞི་རྩའི་ཆར་སེམས་ཁྲལ་བྱེད་དགོས་དོན་མེད་པ་དེ་ནི་ཚན་རིག་ལ་བརྟེན་ནས་བརྟག་དཔྱད་བྱས་པ་ལས་བྱུང་བའི་ཆོད་སྡོམ་ཞིག་རེད། ནུས་རྒྱུའི་སྲིད་ཇུས་ཀྱི་ལྷུ་ཚིགས་ཤིག་ཡིན་པའི་རི་པིན་དུ་ཉིང་རྡུལ་གློག་ཁང་མུ་མཐུད་སྤྱོད་དགོས་པའི ”འགྲེལ་པ་བསྐྱོན་པ་རེད།

        ཚེས་8ཉིན་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་ཀྲི་རེན་གྱིས་ཏུང་ཅིང་དུ་པིང་ཀང་ཉིང་རྡུལ་གློག་ཁང་ཕུད་སྲིད་གཞུང་གིས་ཉིང་རྡུལ་གློག་ཁང་གཞན་དག་འཁོར་སྐྱོད་བྱེད་མཚམས་འཇོག་རྒྱུའི་རེ་བ་འདོན་རྩིས་མེད་ཅེས་བརྗོད་པ་རེད།

        ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རི་པིན་དཔལ་འབྱོར་ཐོན་ལས་ཧྲེང་གི་འབྱུང་འགྱུར་གྱི་ནུས་རྒྱུའི་སྲིད་ཇུས་སྐོར་གྱི་ནང་ཁུལ་གྱི་ཡིག་ཆ་ཞིག་ཉིན་ཤས་གོང་ཕྱིར་མངོན་ཡོད། ཡིག་ཆའི་ནང་ཛ་དྲག་གི་བདེ་འཇགས་ལྡན་པའི་ཁ་གཏད་གཅོག་ཐབས་ལག་བསྟར་བྱས་ནས་ད་ཡོད་ཀྱི་ཉིང་རྡུལ་གློག་ཁང་གི་གློག་ཤུགས་མཁོ་འདོན་འགན་ལེན་བྱ་རྒྱུ་མ་ཟད་2030ལོ་ནས་2050ལོ་བར “གོ་ལ་ཧྲིལ་པོར་ཆེས་བདེ་འཇགས་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་བྱ་རྒྱུ ”དེ་ནུས་རྒྱུའི་སྲིད་ཇུས་མངོན་འགྱུར་ཡོང་བའི་ཀ་རྟེན་ཆེ་གྲས་གསུམ་གྱི་གྲས་ཤིག་རེད་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།