མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། རྒྱ་ཆེའི་ཡུལ་གཞན་གྱི་རླངས་འཁོར་གཏོང་མཁན་གྱིས་ཟུར་ཟ་བྱས་པའི “གྲོང་ཁྱེར་ནང་སྐྱོད་པའི་ལམ་གྲོན ”ཞེས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་དངུལ་བུན་གཡར་ནས་སྐྲུན་པའི་གཞུང་ལམ་ཐོག་སྐྱོད་པའི་གྲོན་དངུལ་དེ་ཕྱེད་ཀ་བར་བཅག་རྒྱུ་ཡིན་པ་རེད། གོང་ཚེས་ཉིན་གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། 2010ལོའི་ཟླ་4པར་དངུལ་བུན་གཡར་ནས་སྐྲུན་པའི་གཞུང་ལམ་ཐོག་བདལ་གཏོང་རླངས་འཁོར་སྐྱོད་པའི་གྲོན་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་ཧྲང་ཧའེ་ཡིས་ཟླ་5ཚེས་10ཉིན་ནས་བཟུང་དངུལ་བུན་གཡར་ནས་སྐྲུན་པའི་གཞུང་ལམ་ཐོག་སྐྱོད་པའི་ལམ་གྲོན་གྱི་ཚད་གཞི་མུ་མཐུད་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་དངུལ་བུན་གཡར་ནས་སྐྲུན་པའི་གཞུང་ལམ་ཐོག་བདལ་གཏོང་རླངས་འཁོར་སྐྱོད་པའི་ལམ་གྲོན་དམའ་རུ་གཏོང་རྒྱུ་དང་ཆབས་ཅིག་རླངས་འཁོར་གཞན་དག་ལ་བསྡུ་བའི་ཚད་གཞི་ཡང་དམའ་རུ་གཏོང་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལེགས་སྒྲིག་བྱས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས (དེའི་ནང་ཧྲང་ཧའེ་རུ་རྒྱུན་སྡོད་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་འཁོར་རིགས་ཚུད་ཡོད )ལ་བསྡུ་བའི་ཚད་གཞི་ནི་བདལ་གཏོང་གཉེར་སྐྱོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རེར་ཟླ་རེར་སྒོར་75བསྡུ་རྒྱུ་དང་། མི་སྒེར་གྱི་བདལ་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རེར་ཟླ་རེར་སྒོར་38བསྡུ་རྒྱུ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རེར་ཟླ་རེར་སྒོར་75བསྡུ་རྒྱུ། ཟོག་འདྲེན་རླངས་འཁོར་གྱི་ཏུན་རེར་སྒོར་68བསྡུ་རྒྱུ་བཅས་དང་། ཧྲང་ཧའེ་ཡི་འཁོར་རིགས་ཨང་རྟགས་Cདང་སྦག་སྦག་དང་དེ་བཞིན་གྲོན་ཚད་གཞིར་བཟུང་བསྡུས་པའི་འཁོར་རིགས་གཞན་དག་བཅས་ཀྱི་བསྡུ་ལེན་ཚད་གཞི་ཡང་དེ་སྔའི་ཚད་གཞི་ལྟར་ཕྱེད་ཀ་བསྡུ་རྒྱུ། ཧྲང་ཧའེ་རུ་སྐྱོད་པའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འཁོར་རིགས་ལ་དེ་སྔའི་ཚད་གཞི་ལྟར་ཕྱེད་ཀ་བསྡུ་བའི་ཞིབ་ཕྲའི་ཚད་གཞི་ནི་རྐུབ་སྟེགས་20མན་ཆད་ཀྱི་འགྲུལ་སྐྱེལ་རླངས་འཁོར་སྐྱོད་ཐེངས་རེར་སྒོར་15བསྡུ་རྒྱུ་དང་། རྐུབ་སྟེགས་20ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་སྐྱོད་ཐེངས་རེར་སྒོར་25བསྡུ་རྒྱུ། སྦག་སྦག་སྐྱོད་ཐེངས་རེར་སྒོར་5བསྡུ་རྒྱུ། ཟོག་འདྲེན་རླངས་འཁོར་གྱི་ལྗིད་ཚད་མི་འདྲ་བ་གཞིར་བཟུང་ལེགས་སྒྲིག་བྱ་རྒྱུ་བཅས་རེད།