དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་ཧྥེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་པའི་འཇབ་རྒོལ་ནན་པོ་འགོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གཡོད་ཧན་ནི་སི་པའོ་ནས་ཟླ་5 ཚེས་5 ཉིན་གློག་འཕྲིན་འབྱོར་གསལ། “རྟེན་གཞིའི ”རྩ་འཛུགས་ཀྱི་འགོ་པ་པན་·ལ་ཏེན་བསད་རྗེས་སོ་མ་ལི་སོགས་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་པའི་འཇབ་རྒོལ་ནན་པོ་འགོག་གི་ཡོད་པ་རེད།

        ཚེས་4ཉིན་སོ་མ་ལིའི་བར་བརྒལ་སྲིད་གཞུང་གིས་འཁོན་ལན་རང་བཞིན་གྱི་འཇིགས་སྐུལ་པའི་འཇབ་རྒོལ་སྔོན་འགོག་བྱ་ཆེད་སོ་མ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས་4ཉིན་ནས་བཟུང་རྒྱལ་ནང་དུ་བདེ་འཇགས་ཐད་དོགས་ཟོན་ཆེན་པོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། སོ་མ་ལིའི་བར་བརྒལ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་དེའི་ནང་དེ་འདྲ་བྱེད་དོན་ནི “རྟེན་གཞིའི ”རྩ་འཛུགས་དང་འབྲེལ་བ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས “དབྱི་སི་ལམ་གཞོན་ནུའི་ལས་འགུལ ”གྱིས་སྐབས་དང་བསྟུན་ནས་ཟིང་འཁྲུག་སློང་རྒྱུ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་ཞེས་འཁོད་ཡོད་པ་རེད།

        ཉི་ཀྲེ་རི་ཡ 《གདོང་ལེན་ཚགས་པར 》ཐོག་ཚེས་5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་4ཉིན་རྒྱལ་ཁབ་དེའི་དམག་ཕྱོགས་ཀྱིས་དུས་ཡུན་ཆུ་ཚོད་ 9 ཙམ་གྱི་ཚོགས་འདུ་ཞིག་འཚོགས་ནས་པན་·ལ་ཏེན་བསད་རྗེས་རྒྱལ་ཁབ་དེའི་ནང་ཐོན་སྲིད་པའི་བདེ་འཇགས་ཀྱི་གནད་དོན་ལ་ཁ་གཏད་གཅོག་རྒྱུར་ཞིབ་འཇུག་བྱས་ཤིང་། སྤེལ་བའི་གནས་ཚུལ་དེའི་ནང་ཉི་ཀྲེ་རི་ཡ་གསང་འཕྲིན་པུས་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སའི་ཁུལ་དང་། ཁ་ཏུའུ་ན་ཀྲོའུ། ཁ་ནུའོ་ཀྲོའུ་སོགས་སུ་ཚེས་6ཉིན་ནས་བཟུང་འཇབ་རྒོལ་གྱི་དོན་རྐྱེན་ཐོན་སྲིད་པ་དང་མི་ལ་ལས་པན ·ལ་ཏེན་ཤི་བའི་སྐབས་དང་བསྟུན་ནས་མི་འདོད་པའི་རྣམ་འགྱུར་སྟོན་སྲིད་པ་ཤེས་རྟོགས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

        ཁེན་ནི་ཡ་དམག་ཕྱོགས་ཀྱིས་ཚེས་2ཉིན་ནས་བཟུང་རྒྱལ་ས་ནེ་རོ་པི་དང་། ཤར་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་མོང་པ་ས། དེ་བཞིན་སོ་མ་ལི་དང་ས་འབྲེལ་ཡིན་པའི་མཐའ་མཚམས་ས་ཁུལ་བཅས་སུ་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།