དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སུའུ་ཏན་དུ་གདོང་ཐུག་མང་པོ་བྱུང་ནས་མི་བཅུ་ལྷག་ཙམ་ཤི་རྨས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཁི་ཧྲི་མུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་5ཉིན་སུའུ་ཏན་བདེ་འཇགས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ནས་མཚོན་པར་གཞིགས་ན། ཟླ་བ་ལྔ་པ་ཤར་ཚུན་སུའུ་ཏན་གྱི་ས་ཁུལ་ཁག་གཅིག་ཏུ་གདོང་ཐུག་དང་འཇབ་རྒོལ་གྱི་བྱེད་སྤྱོད་ཐོན་ནས་ཉུང་མཐར་ཡང་མི་22རྐྱེན་ལམ་དུ་ཤོར་བ་རེད།

        ཚེས་3ཉིན་ལྷོ་ཕྱོགས་ཀྱི་སུའུ་ཏན་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པས་ལྷོ་ཕྱོགས་སུའུ་ཏན་གྱི་ཡིའུ་ཉི་ཐི་ཀྲོའུ་རུ་ས་གནས་དེ་གའི་གྲོང་ཚོ་གཅིག་ལ་འཇབ་རྒོལ་བྱས་ནས་ས་གནས་དེ་གའི་མི་སེར་8རྐྱེན་ལམ་དུ་ཤོར་བ་དང་མི་4ལ་རྨས་སྐྱོན་ཕོག་པ་རེད། ཚེས་1ཉིན་བྱང་ཕྱོགས་སུའུ་ཏན་གྱི་དམག་ཕྱོགས་རླངས་འཁོར་རུ་ཁག་ཅིག་གིས་ལྷོ་བྱང་འབྲེལ་མཚམས་ཀྱི་ཨ་ཕུའུ་ཡེ་དབྱི་ས་ཁུལ་ནས་བརྒྱུད་སྐབས་སྔོན་དུ་འབྲེལ་གཏུགས་མ་བྱས་པར་བརྟེན་ས་གནས་དེ་གའི་ཞིབ་བཤེར་ས་ཚིགས་དང་གདོང་ཐུག་བྱུང་ནས་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་བ་དེའི་ནང་མི་སེར་3ཡོད་པ་རེད།

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་དུས་ཀྱི་སྙན་ཞུ་ལས་མཚོན་པར་གཞིགས་ན། ད་ལོའི་ཟླ་བ་དང་པོར་སུའུ་ཏན་ལྷོ་ཕྱོགས་སུ་སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་ཚུན་མི་1000ལྷག་ཙམ་གཏུམ་སྤྱོད་གདོང་ཐུག་ཁག་ནང་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་10ཙམ་ཁྱིམ་གཞིས་ནས་ཁ་མི་བྲལ་ཀ་མེད་བྱུང་ཞིང་། འཛམ་གླིང་དངུལ་ཁང་གི་དབྱེ་ཞིབ་སྙན་ཞུའི་ནང་ལྷོ་ཕྱོགས་སུའུ་ཏན་དང་ལྷོ་བྱང་འབྲེལ་མཚམས་ས་ཁུལ་གྱི་གཡོ་འགུལ་ཆེ་བའི་དུས་བབ་ཀྱིས་རྐྱེན་པས་ནུས་རྒྱུའི་ཁེ་ལས་ཀྱི་ལས་དོན་མི་སྣ་འབོར་ཆེན་དེ་ནས་ཁ་བྲལ་བར་བརྟེན་ས་གནས་དེ་གའི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཆག་ཡོད་ཅེས་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།