མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའི་ཁོངས་གཏོགས་མི་འབོར་སིས་ཟླ་5ཚེས་3ཉིན་ཉིའུ་གཡོད་སྤྱི་ཁྱབ་པུའུ་རུ 《འཛམ་གླིང་གི་མི་འབོར་ལ་རྒྱང་ལྟ་བྱེད་པ —2010ལོའི་བཟོ་བཅོས་པར་གཞི 》ཞེས་པའི་སྙན་ཞུ་འགྲེམས་སྤེལ་བྱས་ཏེ་གལ་ཏེ་བུ་བཙའི་ཆུ་ཚད་མིག་སྔའི་ཆུ་ཚད་ལྟར་རྒྱུན་འཁྱོངས་ཐུབ་ཚེ་འཛམ་གླིང་གི་མི་འབོར་2050ལོའི་གོང་དུ་དུང་ཕྱུར་90ལས་བརྒལ་རྒྱུ་དང་སྦྲགས་དུས་རབས་འདིའི་དུས་མཇུག་ཏུ་སླེབས་སྐབས་དུང་ཕྱུར་100ལས་བརྒལ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
སྙན་ཞུ་དེའི་ནང་ད་དུང་དུས་རབས་འདིའི་དུས་མཇུག་ཏུ་སླེབས་སྐབས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཚེ་ཚད་དེ་མིག་སྔའི་ལོ་68ནས་81བར་མཐོ་རུ་འགྲོ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་པ་རེད།