དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་སྲིད་གཞུང་དམག་གིས་དགྲ་ཤ་ལེན་པའི་བྱ་སྤྱོད་དྲག་པོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཐུ་ནི་སི་དང་ལི་པི་ཡའི་འབྲེལ་མཚམས་སུ་བྲོས་པའི་ལི་པི་ཡའི་ཉམ་ཐག་ཡུལ་གྱར་བ་ཞིག་གིས་ཚེས་2ཉིན་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེའི་སྲིད་གཞུང་དམག་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ས་མཚམས་རྒྱུད་དུ་ཕར་རྒོལ་བྱེད་ཤུགས་ཆེ་རུ་བཏང་བ་དེ “ཁོང་གི་བུ་དང་ཚ་བོ་བསད་པར་དགྲ་ཤ་ལེན་ཆེད་རེད ”ཅེས་བཤད། དངོས་སུ་མཐོང་མཁན་གྱིས་དེ་ཉིན་ལི་པི་ཡའི་སྲིད་གཞུང་དམག་གིས་མེ་སྒྱོགས་སོགས་གོ་མཚོན་སྤྱད་དེ་མཐའ་མཚམས་ས་ཁུལ་དུ་གཅིག་སྡུད་བྱས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ལ་གསང་བའི་ངང་འབར་མདེལ་དབྱུག་པ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཀྱིས་མེ་མདའ་སྦག་སྦག་དང་མེ་སྒྱོགས་ཕའེ་ཅི་ཕའོ་སོགས་བརྒྱབ་ནས་ཕར་རྒོལ་བྱས་ཡོད་ཅེས་བཤད་པ་རེད།

        ལི་པི་ཡའི་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་1ཉིན་བྱང་ཆིངས་ཀྱི་མཁའ་ཐོག་འཇབ་རྒོལ་ཁྲོད་ཁ་ཀྲ་ཕེའི་བུ་ཆུང་ཤོས་སའེ་དབྱི་ཕུའུ · ཨ་ལ་པོ་དང་ཚ་བོ་གསུམ་འབར་གས་དབྱུགས་ནས་བསད་པ་དང་དེ་རྗེས་ཚེས་1ཉིན་གྱི་ཐོ་རེངས་ལི་པི་ཡར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་ཁང་དང་ལི་པི་ཡར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་ཁང་དུ་མེ་བརྒྱབ་པ་དངོས་སུ་ཁས་ལེན་བྱས་ཡོད། བྱང་ཆིངས་ཀྱིས་ཁ་ཀྲ་ཕེའི་བུ་དང་ཚ་བོ་བསད་པ་དེར་ཁ་ཀྲ་ཕེ་ལ་དད་མོས་བྱེད་མཁན་གྱི་མང་ཚོགས་ཀྱིས་ཁོང་ཁྲོ་ཆེན་པོ་བྱེད་ཀྱིས་ཡོད་པས་མེ་བརྒྱབ་པ་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་དགྲ་ཤ་ལེན་པའི་བྱ་སྤྱོད་ཅིག་ཡིན་ཤས་ཆེ་ཞེས་བཤད་པ་རེད། མིག་སྔར་ཐི་རི་ཕོ་ལིར་དབྱིན་ཇིའི་ཕྱི་འབྲེལ་མི་སྣ་མེད་པ་དང་དབྱི་ཐ་ལིས་ཀྱང་གཟའ་འཁོར་ཁ་ཤས་གོང་དུ་དེའི་ལི་པི་ཡར་བཅའ་སྡོད་ཕྱི་འབྲེལ་དཔོན་རིགས་ཕྱིར་འཐེན་བྱས་ཡོད། ཚེས་1ཉིན་གྱི་ཕྱི་དྲོ་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀེས་ལི་པི་ཡར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་ཁང་ལ་འཇབ་རྒོལ་བྱས་པར་ཁ་རྡུང་བཏང་བ་མ་ཟད། དབྱིན་ཇིར་བཅའ་སྡོད་ལི་པི་ཡའི་གཞུང་ཚབ་ཕྱིར་འབུད་གཏོང་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

        ཚེས་1ཉིན་བྱང་ཆིངས་ཀྱིས་ལི་པི་ཡའི་དམག་དོན་བྱ་སྤྱོད་བཀོད་འདོམས་དཔོན་ཁྲའར་སི ·པུའུ་ཧྲའར་ལ་བྱང་ཆིངས་ཀྱིས “རྡུང་རྡེག་གསལ་པོ་གཏོང་རྒྱུ ”ནི་དམག་དོན་གྱི་དམིགས་ཚད་ཡིན་པ་དང་རྡུང་རྡེག་གསལ་པོ་གཏོང་རྒྱུ་ནི་ཁ་ཀྲ་ཕེའི་དམག་དོན་བཀོད་འདོམས་དང་ཚོད་འཛིན་མ་ལག་རྩ་མེད་བཟོ་རྒྱུ་དེ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད། ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཁྲ་ཝུའི་སིས་བྱང་ཆིངས་ཀྱིས་དམག་དོན་ཐེ་ཇུས་བྱེད་པའི་དམིགས་ཡུལ་ནི་ཁ་ཀྲ་ཕེ་གསོད་ཆེད་རེད་ཅེས་སྐྱོན་བརྗོད་བྱས་པ་རེད།

        མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་སི་ཏི་ཕེན་ཉི · པང་ཁེས་ཚེས་1ཉིན་ཐི་རི་ཕོ་ལིའི་དུས་བབ་ཟང་ཟིང་ཆེ་བར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོང་ཁྱེར་དེ་གར་མི་ཆོས་རིང་ལུགས་ཀྱི་སྐྱོབ་རོགས་ལས་འགན་སྒྲུབ་བཞིན་ཡོད་པའི་རྒྱལ་སྤྱིའི་མི་སྣ་8དེ་ནས་ཕྱིར་འཐེན་བྱ་རྒྱུ་དང་ལི་པི་ཡའི་རྒྱལ་ཁོངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣས་སྔར་བཞིན་ས་གནས་དེ་གར་ལས་དོན་མུ་མཐུད་སྤེལ་དགོས་པའི་གཏན་འབེབས་བྱས་ཡོད་ཅེས་གསུངས་པ་རེད།

        ཚེས་2ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཅང་ཡུས་ཀྱིས་ལི་པི་ཡའི་འགལ་བ་ཟམ་མི་ཆད་པར་ཚབས་ཆེར་ཕྱིན་ནས་མི་སེར་ཤི་རྨས་བྱུང་བར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད། ཁ་ཀྲ་ཕེའི་བུ་སའེ་དབྱི་ཕུའུ · ཨ་ལ་པོ་སོགས་ལ་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐད་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་། ང་ཚོས་ལི་པི་ཡའི་འགལ་བ་ཟམ་མི་ཆད་པར་ཚབས་ཆེར་ཕྱིན་ནས་མི་སེར་ཤི་རྨས་བྱུང་བར་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་སྤྲད་པ་ལས་བརྒལ་བའི་བྱེད་སྤྱོད་གང་རུང་ལ་སྔ་ཕྱི་བར་གསུམ་དུ་ཡི་རངས་བྱེད་ཀྱི་མེད། རེ་བར་འབྲེལ་ཡོད་ཕྱོགས་ཁག་གིས་འཕྲལ་མར་བྱེད་སྤྱོད་དྲག་པོ་སྤེལ་མཚམས་བཞག་སྟེ་སྐད་ཆ་ཤོད་རེས་དང་གླེང་མོལ་སོགས་ཞི་བའི་བྱེད་ཐབས་དང་ཆབ་སྲིད་ཐོག་ནས་ལི་པི་ཡའི་དེང་སྐབས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།