དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཟླ་4པར་དབྱི་རག་གི་དམག་སར་ཨ་དམག་ཤི་བའི་ཟིན་ཐོ་མཐོ་ཤོས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་5ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར 》ཐོག་གོང་ཚེས་ཉིན་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4པར་ཨ་དམག་གིས་དབྱི་རག་ཏུ་ལོ་གཅིག་དང་ཕྱེད་ཀའི་རིང་ཁྲག་དྲི་བྲོ་བའི་ཟླ་བ་ཞིག་བརྒྱུད་པ་དང་ཟླ་དེར་ཨ་དམག་གི་དམག་མི་ཁྱོན་བསྡོམས་11ཤི་བ་རེད། ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་གཞིར་བཟུང་2003ལོར་ཨ་རིས་དབྱི་རག་དམག་འཁྲུག་བསླངས་ཚུན་ཁྱོན་བསྡོམས་ཨ་དམག་4453དབྱི་རག་ཏུ་ཤི་བ་རེད།

        ན་ནིང་ཟླ་8པར་ཨ་རིས་དབྱི་རག་ཏུ་དམག་རྒྱག་པའི་ལས་འགན་མཇུག་འགྲིལ་བ་དང་མིག་སྔར་དབྱི་རག་ཏུ་བཅའ་སྡོད་དམག་མི་ཁྲི་5ཙམ་གྱིས་གཙོ་བོ་དབྱི་རག་གི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་དང་རྒྱབ་སྐྱོར་བྱེད་པའི་ལས་འགན་སྒྲུབ་ཀྱི་ཡོད། ཨ་རི་དང་དབྱི་རག་དབར 2008ལོར་བཞག་པའི་བཅའ་སྡོད་དཔུང་སྡེའི་གནས་བབ་གྲོས་མཐུན་ལ་གཞིགས་ན་ཨ་རིས་འདི་ལོའི་ལོ་མཇུག་གོང་དབྱི་རག་ནས་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རེད། དམག་མི་ཕྱིར་འཐེན་བྱེད་པའི་དུས་ཚད་སླེབས་ཉེར་ཡོད་པ་དང་སྦྲགས་ཨ་རིའི་དཔོན་རིགས་ཆེན་པོ་མང་པོ་ཞིག་ཉེ་ཆར་དབྱི་རག་ཏུ་འཚམས་འདྲི་ཐེངས་མང་བསྐྱོད་དེ་དབྱི་རག་གི་འགོ་ཁྲིད་ལ་2011ལོའི་རྗེས་སུ་ཨ་དམག་མུ་མཐུད་བཅའ་སྡོད་བྱེད་དགོས་མིན་ཐད་གཏན་འབེབས་མགྱོགས་ཙམ་བྱ་རྒྱུའི་སྐུལ་མ་བཏང་ཡོད་པ་རེད། དབྱི་རག་གི་ཙུང་ལི་མ་ལི་ཅིས་དེ་སྔོན་ཐེངས་མང་པོར་ཨ་དམག་བཅའ་སྡོད་བྱེད་པའི་དུས་ཚད་རིང་དུ་གཏོང་རྒྱུ་དང་ལེན་བྱས་མེད་པ་དང་དབྱི་རག་གི་ཧྲེན་ཡེ་ཕྱོགས་ཁག་གི་ཨ་རིར་ངོ་རྒོལ་བྱེད་མཁན་འགོ་ཁྲིད་པ་ས་ཏེའར་གྱིས་གལ་ཏེ་ཨ་དམག་མུ་མཐུད་བཅའ་སྡོད་བྱས་ཚེ་ཁོང་ཚོས་དྲག་ཆས་འགོག་རྒོལ་ལས་འགུལ་སླར་གསོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།