མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕོང་དབྱང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་29ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བཀའ་རྒྱ་བཏང་ནས “ཅིན་ཀན་ཧྲན་རྒྱལ་སྤྱིའི་ཡུལ་སྐོར་དམིགས་བསལ་ཁུལ ”འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། དམིགས་བསལ་ཁུལ་ནང་ཅང་ཡོན་ཏའོ་ཀའོ་ཁྲེང་ཅུན་ཀའོ་ཁྲེང་ཡེ་དང་དབུན་ཅིང་ལིའི་ས་ཆ་ཁག་གཅིག་དང་སན་རི་ཕུའུ་དང་། ཧའེ་ཅིན་ཀང་། ཅིང་ཀང་ཅུན་བཅས་ཀྱི་ཅིན་ཀང་ནང་མའི་ས་ཁུལ། ཐུང་ཁྲོན་ཅུན་གྱི་ས་ཆ་ཁག་གཅིག་བཅས་ཚུད་ཡོད་པ་རེད། ཁྲའོ་ཞན་གྱིས་དམིགས་བསལ་ཁུལ་ནང་བདག་དབང་སྤྱད་དེ་ཁྲིམས་ཚན་དང་མི་སྒེར་དེ་བཞིན་དཔལ་འབྱོར་རྩ་འཛུགས་གཞན་དག་བཅས་ཀྱིས་རང་མོས་ངང་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་དེ་དག་གི་མ་རྩ་དང་རྒྱུ་ནོར་དེ་བཞིན་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་དང་ཡོང་སྒོ་གཞན་དག་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཐོབ་ཅིང་། ཁྲའོ་ཞན་ཀྲུང་དབྱང་ཡུལ་སྐོར་མཛུབ་ཁྲིད་སྡེ་ཚན་གྱིས་དམིགས་བསལ་ཁུལ་ནང་གསར་སྤེལ་བྱ་ཚུལ་ལ་གཞིགས་ནས་ཡུལ་སྐོར་བྱ་ཡུལ་གསར་པ་གསར་སྤེལ་བྱ་རྒྱུར་ཐབས་ཇུས་འདོན་རྒྱུ་ཡིན་པ་རེད།