དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་ཚོ་པ་མང་པོ་ཞིག་གིས་རྒྱལ་ཁབ་ཁ་བྲལ་དུ་མི་འགྲོ་རྒྱུའི་རེ་འབོད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲོའར་དང་ཕོང་དབྱང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ཙུང་ཐུང་ཟུར་པ་ཅི་སྨི ·ཁ་ཐེས་ཚེས་28ཉིན་ཧན་གོ་ཧྲོའར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་ཁྲའོ་ཞན་གྱིས་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་རིས་ཁྲའོ་ཞན་གྱིས་ཆ་རྐྱེན་མེད་པའི་སྒོ་ནས་ཕྱོགས་དྲུག་གྲོས་མོལ་གྱི་འབྲེལ་ཡོད་རྒྱལ་ཁབ་དང་གྲོས་མོལ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་མ་ཟད། ཅིན་ཀྲེང་རི་རང་ཉིད་ཀྱིས་ཀྱང་ཧན་གོའི་ཙུང་ཐུང་ལི་མིང་པོ་དང་གནད་དོན་ཡོད་ཚད་ཐད་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད་ཅེས་གསུངས་པ་རེད།

        ཁ་ཐེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ད་རེས་ཅིན་ཀྲེང་རི་དང་ངོ་འཕྲད་བྱ་རྒྱུ་བྱུང་མེད་རུང་སྡོག་ཐོན་མ་བྱས་གོང་ཅིན་ཀྲེང་རིས་གཞན་བརྒྱུད་དེ་བསྐུར་བའི་ངག་འཕྲིན་འབྱོར་པ་དེའི་ནང་ང་ལ་ཁྲའོ་ཞན་གྱི་ལངས་ཕྱོགས་བརྒྱུད་བསྒྲགས་བྱེད་རོགས་ཅེས་འཁོད་འདུག་ཅེས་གསུངས་པ་དང་། ཁ་ཐེས་ད་དུང་ཁྲའོ་ཞན་གྱི་དམག་ཕྱོགས་ཀྱིས “ཐེན་ཨན ”རྟགས་ཅན་གྱི་དོན་རྐྱེན་དང་ཡན་ཕིང་དུ་མེ་སྒྱོགས་བརྒྱབ་པའི་དོན་རྐྱེན་ཐད་བློ་ཕམ་བྱས་རུང་དགོངས་སེལ་བྱས་མེད་ལ་དོན་རྐྱེན་དེ་གཉིས་ཁྲའོ་ཞན་དང་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད་ཅེས་གསུངས་པ་རེད།

        ཁ་ཐེས་སྣེ་ཁྲིད་གནང་བའི “རྒན་གྲས་ཚོགས་པའི ”ཁོངས་མི་རྣམས་ཚེས་28ཉིན་ཁྲའོ་ཞན་ལ་འཚམས་འདྲི་གནང་མཇུག་འགྲིལ་ནས་ཉིན་དགུང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕོང་དབྱང་ནས་ཞལ་གྱེས་པ་དང་། ཁྲའོ་ཞན་ལ་འཚམས་འདྲི་གནང་རིང་ཁ་ཐེ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཀྲང་ཅིན་ཡུང་ནན་དང་ཁྲའོ་ཞན་གྱི་ཕྱི་དོན་བློན་ཆེན་ཕེའོ་དབྱི་ཁྲུན་དང་གྲོས་མོལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།