དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིའི“འབད་འབུངས་མདུན་སྐྱོད”རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་གནམ་གྲུས་མཐའ་མའི་འཕུར་སྐྱོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        “འབད་འབུངས་མདུན་སྐྱོད ”རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་གནམ་གྲུ་འདི་ཟླའི་ཚེས་29ཉིན་འཕུར་སྐྱོད་བྱས་ནས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་བསྐྱོད་རྒྱུ་ཡིན་པ་དེ་ནི “འབད་འབུངས་མདུན་སྐྱོད ”རྟགས་ཅན་གྱི་འཕུར་ཐེངས་ཉེར་ལྔ་པ་དང་མཐའ་མའི་འཕུར་སྐྱོད་ལས་འགན་བསྒྲུབ་རྒྱུ་ཡིན་པ་དེ་རེད། “འབད་འབུངས་མདུན་སྐྱོད ”རྟགས་ཅན་ད་རེས་འཕུར་སྐྱོད་བྱེད་པའི་ལས་འགན་བསྒྲུབ་ཡུན་ཉིན་14ཡིན་པ་དང་ལས་འགན་གཙོ་བོ་ནི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ལ་མིང་དུ་ཨར་ཕ་ཁབ་ལེན་ཤལ་ཞེས་པའི་དཔྱད་ཆས་2པའི་སྒྲིག་ཆས་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞིང་། འདི་ནི་ཟླ་4ཚེས་26ཉིན་ཨ་རིའི་ཕོ་ལོ་ལི་ཏ་ཀྲོའུ་ཁ་ན་ཝུའེ་ལར་ཅའོ་ཁེན་ཉི་ཏི་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་སུ་འཕུར་སྐྱོད་བྱེད་ཉེར་ཡོད་པའི་འཇིག་རྟེན་འཕུར་སྐྱོད་པ་6“འབད་འབུངས་མདུན་སྐྱོད ”རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་གནམ་གྲུར་ཞུགས་ནས་ཁེན་ཉི་ཏིའི་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་སུ་འབྱོར་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།