དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • བཀོད་འདོམས་དཔོན་གྱིས་མཐའ་མཚམས་ཀྱི་གདོང་ཐུག་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཁམ་ཕུ་ཁྲེའི 《ཅིན་པེན་སྦྲག་སྲིད་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་28ཉིན་གྱི་སྔ་དྲོ་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་དམག་གི་དམག་ཁུལ་ཁང་ཨང་བཞི་པའི་སི་ལིང་ཞེ་མོང་དང་ཐེ་ལན་གྱི་གོང་མ་ཚང་དམག་གི་དམག་ཁུལ་ཁང་ཨང་གཉིས་པའི་སི་ལིང་ཐ་ཝ་ཚའེ་ཡིས་ཁམ་ཕུ་ཁྲེའི་མཐའ་མཚམས་ཨའོ་སི་མ་འགག་སྒོར་གླེང་མོལ་བྱས་རྗེས་ཕྱོགས་གཉིས་པོས་འཕྲལ་མར་དམག་མཚམས་འཇོག་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་མ་ཟད་ཉིན་7རྒྱུན་མཐུད་བྱས་པའི་མཐའ་མཚམས་དྲག་ཆས་གདོང་ཐུག་གླེང་མེད་ངང་མཚམས་འཇོག་བྱ་རྒྱུ་རེད།

        ཁམ་ཕུ་ཁྲེའི་དམག་གཉིས་ཀྱི་བཀོད་འདོམས་དཔོན་གྱིས་གླེང་མོལ་ཁྲོད་ད་དུང་ཁོང་ཚོས་མཐའ་མཚམས་སུ་གདོང་ཐུག་གིས་རྐྱེན་པས་སྒོ་བརྒྱབ་པའི་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་འགག་སྒོ་བསྐྱར་དུ་སྒོ་ཕྱེ་ནས་རྒྱལ་ཁབ་གཉིས་པོའི་གྲོང་མི་ཁྱིམ་གཞིས་སུ་བསྐྱར་ལོག་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་མ་ཟད་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་བརྒྱུད་རྒྱལ་ཁབ་གཉིས་པོའི་རྩོད་གཞི་ཡོད་པའི་ཏ་མན་དགོན་དང་ཏ་ཀེ་ལུའོ་པེ་དགོན་གྱི་བདག་དབང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།