དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་གདོང་ཐུག་ཉིན་དྲུག་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཐེ་ལན་དང་ཁམ་ཕུ་ཁྲེ་དབར་གྱི་རེས་སྐོར་གསར་པའི་མཐའ་མཚམས་ཀྱི་གདོང་ཐུག་དེ་ཉིན་དྲུག་པར་སླེབས་པ་རེད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་གནས་ཚུལ་སྤེལ་ནས་ཉིན་དེར་ཕྱོགས་གཉིས་དབར་མེ་མདའ་རྒྱག་རེས་ཕྲན་བུ་བྱས་ཡོད་ཅེས་བཤད་པ་དང་ཐེ་ལན་ཕྱོགས་ཀྱིས་ཤོད་ཚུལ་དེ་ར་སྤྲོད་བྱས་མེད་པ་རེད།

        ཐེ་ལན་ཕྱོགས་ཀྱིས་ཚེས་27ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། རེས་སྐོར་འདིའི་གདོང་ཐུག་ནང་ཐེ་ལན་ཕྱོགས་ཀྱི་མི་94རྨས་པ་དང་མི་6ཤི་ཡོད་པ་རེད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ནང་ཚེས་25ཉིན་བར་ཁམ་ཕུ་ཁྲེའི་དམག་མི་7ཤི་བ་དང་17རྨས་ཡོད་ཅེས་བཤད་པ་རེད།

        ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཚེས་27ཉིན་ཕ་ནོམ་ཕེན་དུ་ཁོང་གིས་ཟླ་བ་རྗེས་མའི་ཟླ་འགོའི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་དབུ་ཚོགས་རིང་ཐེ་ལན་ཕྱོགས་དང “དམག་རྒྱག་མཚམས་འཇོག་བཟོ་ཐུབ་པའི ”སྐོར་གྲོས་མོལ་བྱེད་རྩིས་ཡོད་ཅེས་བཤད་པ་རེད། དེ་སྔོན་གནས་ཚུལ་སྤེལ་བའི་ནང་ཐེ་ལན་དང་ཁམ་ཕུ་ཁྲེའི་རྒྱལ་སྲུང་པུའུ་ཀྲང་གིས་ཚེས་27ཉིན་ཐུག་འཕྲད་བྱ་རྒྱུ་རེད་ཅེས་བཤད་ཡོད་ཀྱང་ཐེ་ལན་གྱི་སྐམ་དམག་གི་མགྲིན་ཚབ་པས་ཚེས་27ཉིན་ཐེ་ལན་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་གིས་དམག་རྒྱག་མཚམས་འཇོག་རྒྱུའི་གནད་དོན་སྐོར་ཉིན་དེར་ཁམ་ཕུ་ཁྲེར་འཚམས་འདྲི་བྱ་རྒྱུའི་འཆར་གཞི་མེད་པར་བཟོས་པའི་ར་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།