དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱིས་ཛ་དྲག་ཚོགས་འདུ་འཚོག་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་དང་། ཝ་ཧྲིང་ཐོན། པུ་རུ་སེར་བཅས་ནས་གློག་འཕྲིན་འབྱོར་གསལ། ལི་པི་ཡའི་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དབར་མུ་མཐུད་ས་གནས་ཁག་ཏུ་དམག་དྲག་པོ་རྒྱག་རེས་ཐུག་པ་དང་ཕྱོགས་གཉིས་པོར་འཆི་རྨས་བྱུང་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཉམ་ཐག་མི་སེར་ཧྲུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། འདས་ཟིན་པའི་གཟའ་འཁོར་གསུམ་རིང་མི་ཁྲི་3ལྷག་ཙམ་ལི་པི་ཡའི་ནུབ་རྒྱུད་ས་ཁུལ་ནས་ཐུ་ནི་སིར་བྲོས་ཡོད། ལི་པི་ཡའི་གཞུང་ཕྱོགས་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས་ཚེས་26ཉིན་ལི་པི་ཡས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱིས་ཛ་དྲག་ཚོགས་འདུ་འཚོགས་ཏེ་ལི་པི་ཡའི་དུས་བབ་དང་དེ་བཞིན་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལི་པི་ཡའི་གནད་དོན་ལ་ཐེ་ཇུས་བྱས་པའི་ཐད་གྲོས་བསྡུར་བྱེད་དགོས་པའི་རེ་འབོད་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།

        ཨ་རབ་བཪྙན་འཕྲིན་ཁང་གིས་ཚེས་27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་བྱང་ཆིངས་ཀྱིས་ལི་པི་ཡའི་འགོ་ཁྲིད་མི་སྣ་སྡོད་ཁུལ་དང་གཞུང་དོན་ཁང་ལ་དམག་དོན་རྡུང་རྡེག་གི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་རེ་འབོད་བྱས་ཡོད་པ་དང་འབྲེལ་བྱེད་ཐབས་འདི་རིགས་ནི “ཁྲིམས་དང་མི་མཐུན་པ ”ཞིག་རེད་ཅེས་བརྗོད་ཡོད་པ་རེད། གནས་ཚུལ་སྤེལ་བའི་ནང་ད་དུང་ཨུ་རུ་སུའི་ཙུང་ལི་ཕུའུ་ཅིང་གིས་ཚེས་26ཉིན་བྱང་ཆིངས་ཀྱི་དམག་འཐབ་གནམ་གྲུས་ཁ་ཀྲ་ཕེའི་སྡོད་གནས་ལ་འབར་མདེལ་དབྱུགས་པར་སྐྱོན་བརྗོད་བྱས་པ་དང་སྦྲགས་བྱང་ཆིངས་ཀྱིས་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱས་པའི་ཁྲིམས་མཐུན་རང་བཞིན་ལ་དོཌ་པ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།