དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁ་ཀྲ་ཕེ་སྡོད་གནས་ཀྱི་ཉེ་འགྲམ་དུ་མཁའ་ཐོག་འཇབ་རྒོལ་ཕོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་ཐོ་རེངས་བྱང་ཆིངས་ཀྱི་དམག་གྲུས་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེའི་རྒྱལ་ས་ཐི་རི་ཕོ་ལིར་ཡོད་པའི་སྡོད་ཁང་ཨ་ཆི་ཆི་ཡ་དམག་སྒར་རུ་མཁའ་ཐོག་འཇབ་རྒོལ་བྱས་པ་དང་མིག་སྔར་བྱང་ཆིངས་ཀྱིས་མཁའ་ཐོག་འཇབ་རྒོལ་བྱེད་རིང་ཁ་ཀྲ་ཕེ་སྡོད་ཁང་ནང་ཡོད་མིན་གསལ་པོ་ཤེས་མེད། འོན་ཀྱང་ལི་པི་ཡའི་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་ཁ་ཀྲ་ཕེ་ད་དུང་གསོན་པོར་གནས་ཡོད་ཅེས་བཤད་པ་རེད།

        ཚེས་25ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལི་པི་ཡའི་གནད་དོན་ཐད་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་དེ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འཚོགས་པ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཁ་ཀྲ་ཕེ་ལས་གནས་ནས་ཁ་བྲལ་རྒྱུ་མ་ཟད་ཡུལ་གྱར་དུ་གཏོང་རྒྱུའི་སྐོར་གྱི་ཨ་རིའི་རེ་བ་རྩ་བ་ནས་ཁས་བླངས་མེད་སྟབས་ཨ་རི་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་དབར་ལི་པི་ཡའི་ཉམས་ཉེན་མཇུག་སྒྲིལ་རྒྱུའི་སྐོར་ལ་གྲོས་མཐུན་བྱུང་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།