དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “ཀྲུང་གོ་ཤེས་ཚོར།རྒྱ་གར་དུ་སྐྱོད་ཅེས་པའི་སི་ཁྲོན་གྱི་གཟའ་འཁོར”འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྡི་ལི་གསར་པ་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་དགོང་མོ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི “ཀྲུང་གོ་ཤེས་ཚོར། རྒྱ་གར་དུ་སྐྱོད་ཅེས་པའི་སི་ཁྲོན་གྱི་གཟའ་འཁོར ”གྱི་བྱེད་སྒོ་དེ་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་སི་ལི་པའོ་ཟློས་གར་ཁང་དུ་འགོ་ཚུགས་པ་རེད།

        ད་རེས་ཀྱི་བྱེད་སྒོ་ནི་2010ལོའི་ཟླ་12པར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཙུང་ལི་དབུན་ཅ་པའོ་རྒྱ་གར་དུ་འཚམས་འདྲིར་ཕེབས་སྐབས་རྒྱ་གར་གྱི་ཙུང་ལི་ཤིན་ཀེ་དང་ལྷན་དུ་གཏན་འཁེལ་གནང་བའི “2011ཀྲུང་རྒྱའི་སྤེལ་རེས་ལོའི ”རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ཀྲུང་གོར “ལེགས་བྲིས་དཔལ་གྱི་ཞིང་ཁམས ”ཞེས་པའི་མཚན་སྙན་གྱིས་ཕྱུག་པའི་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་དང་། རིག་གནས། ཡུལ་སྐོར་སྤྲོ་འཆམ་སོགས་མངོན་པ་བརྒྱུད་རྒྱ་གར་གྱི་མང་ཚོགས་ཀྱིས་ཐག་ཉེ་པོའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་རིག་གནས་ཤེས་ཚོར་ཡོང་བ་བྱས་ནས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་མྱོང་རོལ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་ཐུབ་པ་བྱ་རྒྱུ་དེ་རེད།

        ཉིན་དེའི་མཚན་མོ་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་ཅང་ཅུས་ཕུང་དང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དྲུང་ཆེ་ཕེང་ཤིས་དབང་། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཡན། རྒྱ་གར་བསྡོམས་རྩིས་པུའི་པུའུ་ཀྲང་ཅིའར། རྒྱ་གར་དུ་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ། ཀྲུང་གོ་དང་རྒྱ་གར་གྱི་ཁེ་ལས་ལས་རིགས་དང་གསར་འགྱུར་ལས་རིགས་ཀྱི་འཐུས་མི། དེ་བཞིན་ས་གནས་དེ་གའི་མང་ཚོགས་བཅས་མི་གྲངས་1000ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། དེ་རྗེས 《ངོ་མཚར་ཆེ་བའི་སི་ཁྲོན 》ཞེས་པའི་རིག་རྩལ་འཁྲབ་སྟོན་གྱིས་རྒྱ་གར་གྱི་ལྟད་མོ་བར་ངོ་མཚར་ཆེ་བའི་མཐོང་ཐོས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

        ད་རེས་ཀྱི་བྱེད་སྒོ་དེ་ཚེས་30ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།