དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཐེ་ལན་དང་ཁམ་བུ་ཁྲེས་མཐའ་མཚམས་སུ་ཉིན་ལྔ་བསྟུད་མར་མེ་མདའ་རྒྱག་རེས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་ཕྱི་དྲོ་ཐེ་ལན་དང་ཁམ་བུ་ཁྲེའི་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ཁུལ་དུ་སླར་ཡང་མེ་མདའ་རྒྱག་རེས་བྱས་པའི་ནང་ཕྱོགས་གཉིས་པོས་མཚོན་ཆ་ཆེ་བ་སྤྱད་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དབར་ཚེས་22ཉིན་ནས་བཟུང་དྲག་པོའི་གདོང་གཏུག་ཐོན་ཚུན་ཉིན་ལྔ་བསྟུད་མར་མེ་མདའ་རྒྱག་རེས་བྱས་ཡོད། མིག་སྔར་ཕྱོགས་གཉིས་ཀྱི་ཤི་རྨས་ཀྱི་གནས་ཚུལ་གསལ་པོ་མེད་པ་རེད།

        ཐེ་ལན་གནོད་འགོག་དང་གནོད་འཚེ་ཉུང་གཏོང་ཐིང་གིས་ཚེས་26ཉིན་སུའུ་ལིན་ལས་ཤག་གིས་གཏན་འཁེལ་བྱས་པའི་གེགས་ཁུལ་གསུམ་གྱི་གྲོང་ཚོ་11དང་གྲོང་མི་ཁྲི་གཉིས་ལྷག་ཙམ་གདོང་གཏུག་ནང་གནོད་འཚེ་ཕོག་ལུགས་ཁྱབ་བསྒྲགས་བྱས་པ་རེད།

        ཁམ་བུ་ཁྲེའི 《སྐར་ཀྲོའུ་ཉིན་རེའི་ཚགས་པར 》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་25ཉིན་ཁམ་བུ་ཁྲེའི་རྒྱལ་སྲུང་པུའུ་ཡིས་ཐེ་ལན་དམག་དཔུང་གིས་མེ་སྒྱོགས་བརྒྱབ་པའི་རྐྱེན་གྱིས་གནའ་བོའི་དགོན་པ་གཉིས་གཏོར་བར་རྒོལ་གཏམ་བཏང་བ་རེད། ཁམ་བུ་ཁྲེའི་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཚེས་22ནས་ཚེས་25ཉིན་བར་ཁམ་བུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་ཀྱི་དྲག་པོའི་གདོང་གཏུག་ནང་ཁམ་ཕུ་ཁྲེའི་དམག་མི་བདུན་ཤི་བ་དང་མི་བཅུ་བདུན་རྨས་ཡོད་པ་རེད།

        ཚེས་25ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཤིས་ལ་ལི་ཁེ་ལུན་ཏུན་གྱིས་ཨ་རིས་ཐེ་ལན་དང་ཁམ་བུ་ཁྲེའི་མཐའ་མཚམས་དུས་བབ་ལ་ལྷག་པར་དོ་ཁུར་བྱེད་ཀྱི་ཡོད་ཅེས་བཤད་པ་དང་འབྲེལ་ཕྱོགས་གཉིས་པོས་བཟོད་སྒོམ་བྱས་ནས་གདོང་གཏུག་ཆེ་རུ་མི་འགྲོ་བ་བྱ་རྒྱུའི་རེ་འབོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།