ཨེ་ཅིབ་ཏུ་གནམ་གཤིས་དྲོ་རུ་ཕྱིན་པས་མི་ཚོས་ཕྱིའི་སྔོ་ལྗང་ཁུལ་དུ་གླིང་ཁ་གཏོང་བར་གཅིག་མཇུག་གཉིས་མཐུད་ངང་བསྐྱོད་དེ་དཔྱིད་དུས་ཀྱི་ཉམས་འགྱུར་ཉམས་སུ་མྱངས་ཀྱི་ཡོད། ཨེ་ཅིབ་འདི་ཉིད་བྱེ་ཐང་ཁུལ་དུ་གནས་པས་སྔོ་ལྗང་མང་པོ་མེད་པར་བརྟེན་རྒྱལ་ས་ཁེ་རོའི་རྩི་ཤིང་ཡོད་ཁུལ་ཚང་མར་དགའ་སྤྲོ་འཁོལ་བའི་མིས་ཁེངས་ཡོད།
འདི་ནི་ཟླ་4ཚེས་25ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ཨའེ་ཙི་ཧའར་སྤྱི་གླིང་དུ་ཕྲུ་གུ་གཅིག་གིས་མེ་ཏོག་གི་དྲི་ཞིམ་སྣོམ་བཞིན་པའི་གནས་ཚུལ་ཡིན། ཉིན་དེར་ཨེ་ཅིབ་ཀྱི་སྲོལ་རྒྱུན་དུས་ཆེན “དཔྱིད་དཔལ་མྱོང་བའི་དུས་ཆེན ”ཡིན་པས་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་ཕྱིའི་སྔོ་ལྗང་ཁུལ་དུ་དཔྱིད་དུས་ཀྱི་ཉམས་འགྱུར་ཉམས་སུ་མྱོང་བར་བསྐྱོད་ཀྱི་ཡོད།