དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིས་འཇིགས་སྐུལ་ཉེན་ཟོན་གྱི་མ་ལག་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་གོང་ཚེས་ཉིན་རིམ་པ་གཉིས་ཀྱི་འཇིགས་སྐུལ་ཉེན་ཟོན་གྱི་མ་ལག་གསར་པ་ལག་ལེན་བསྟར་ནས་ད་ཡོད་ཀྱི་མདོག་ལྔ་ལྡན་གྱི་ཉེན་ཟོན་མ་ལག་གི་ཚབ་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།

        རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་མ་ལག་གསར་པར་ཉེན་ཟོན་རིམ་པ་གཉིས་ཚུད་པ་སྟེ “རིམ་སྤོར་འཇིགས་སྐུལ ”དང “དགོས་གཏུགས་ཀྱི་འཇིགས་སྐུལ ”ཡིན་པ་དེས “ཁུངས་ལྡན་གྱི་འཇིགས་སྣང་སྐུལ་བ ”གནས་པ་དང “ངེས་གསལ་དང་། ཁུངས་ལྡན། དགོས་གཏུགས་བཅས་ཀྱི་འཇིགས་སྣང་སྐུལ་བ ”གནས་པ་གཉིས་སོ་སོར་མཚོན་ཡོད་ཅེས་བཤད་ཡོད་པ་རེད།

        གསལ་བསྒྲགས་ནང་མ་ལག་གསར་པའི་འོག་གསང་འཕྲིན་སྡེ་ཚན་གྱིས “ངེས་གསལ་དང་ཁུངས་ལྡན ”གྱི་འཇིགས་སྣང་སྐུལ་བ་ཤེས་རྟོགས་བྱེད་སྐབས་འཇིགས་སྐུལ་གྱི་རིམ་པ་མི་འདྲ་བ་ལྟར་ཉེན་བརྡ་ཡོངས་བསྒྲགས་བྱ་རྒྱུ་རེད། ཉེན་བརྡའི་ནང་དོན་ལ་འཇིགས་སྐུལ་ཉེན་ཟོན་རིམ་པ་དང་། མངོན་མེད་འཇིགས་སྐུལ་ལ་མདོར་བསྡུས་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་ཀྱི་བདེ་འཇགས་ཆེད་སྤྱད་པའི་ཁ་གཏད་བྱེད་ཐབས་བཅས་དང་དེ་བཞིན་མི་སྒེར་དང་སྡེ་ཁུལ་ལ་དམིགས་པའི་དོགས་ཟོན་བསམ་འཆར་སོགས་ཚུད་ཡོད་ཅེས་བཤད་པ་རེད།

        འཇིགས་སྣང་སྐུལ་བའི་ཚད་གཞི་དང་ནང་དོན་མི་འདྲ་བར་གཞིགས་ནས་འཇིགས་སྐུལ་ཉེན་བརྡ་གཏོང་སའི་ཡུལ་ལའང་ཁྱད་པར་ཡོད་པ་དང་དམིགས་བཀར་གྱི་མང་ཚོགས་ཏེ་དཔེར་ན་ཁྲིམས་འཛིན་སྡེ་ཚན་དང་། ཉོ་སྒྲུབ་ལྟེ་གནས། གསོལ་མགྲོན་ཁང་སོགས་སུ་ཡོད་པའི་མང་ཚོགས་ཡིན་སྲིད་ལ་སྤྱིར་བཏང་གི་མང་ཚོགས་ཀྱང་ཡིན་སྲིད། སྤྱིར་བཏང་གི་མང་ཚོགས་ལ་ཉེན་བརྡ་ཡོངས་བསྒྲགས་བྱེད་སྐབས་རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་དེའི་དྲ་ཐོག་ཏུ་གསལ་བསྒྲགས་བྱེད་པ་དང་འབྲེལ་སྨྱན་སྦྱོར་སོགས་ཐབས་ལམ་བརྒྱུད་སྒྲོག་སྤེལ་བྱ་རྒྱུ་ཡིན་པ་རེད།

        མ་ལག་གསར་པའི་འོག་འཇིགས་སྐུལ་ཉེན་བརྡ་ཡིས་དམིགས་བཀར་གྱི་དུས་མཚམས་ཁོ་ནར་དམིགས་པ་དང་དུས་བཀག་ལས་ཡོལ་ཚེ་རང་འགུལ་ངང་གོ་ཆོད་ཀྱི་མེད། འོན་ཀྱང་གསང་འཕྲིན་གསར་པ་ཐོན་པའམ་ཡང་ན་འཇིགས་སྐུལ་ལ་འགྱུར་ལྡོག་བྱུང་ཚེ་འཇིགས་སྐུལ་ཉེན་བརྡའི་དུས་ཡུན་རིང་དུ་གཏོང་སྲིད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།