དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིའི་སྒོ་རྩིས་ཚོང་ཁང་གི་ཤ་རིགས་མང་ཆེ་བར་སྨན་འགོག་རང་བཞིན་ཆེ་བའི་འབུ་ཕྲ་ཡོད་པ་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲེང་ཐོན་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཨ་རིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་ནང་མངོན་པར་གཞིགས་ན། ཨ་རིའི་སྒོ་རྩིས་ཚོང་ཁང་ཕྱེད་ཀ་ཡན་གྱིས་འཚོང་རྒྱུའི་ཕྱུགས་རིགས་དང་ཁྱིམ་བྱའི་ཤའི་ནང་རྒུན་འབྲུམ་ཟླུམ་སྲིན་སེར་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཞིབ་འཇུག་མི་སྣས་ཝ་ཧྲེང་ཐོན་དང་། ཡ་ལི་སང་ན་ཀྲོའུ། ཕུའུ་ལུའོ་ལི་ཏ་ཀྲོའུ། ཀྲེ་ཅ་ཀོ་གྲོང་ཁྱེར། ལོ་ཧྲན་ཅི་གྲོང་ཁྱེར་སོགས་ཀྱི་ཚོང་ཁང་136ནས་བཙོངས་པའི་ཚགས་ཤ་དང་། བྱ་ཤ། ཕག་ཤ་བཅས་ལ་དཔེ་འཐེན་བརྟག་དཔྱད་བྱས་པ་བརྒྱུད་ཕྱེད་ཀ་ཡན་ནང་རྒུན་འབྲུམ་ཟླུམ་སྲིན་སེར་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། མི་རྣམས་དེ་བས་སེམས་ཁྲལ་བྱེད་དགོས་པ་ནི་རྒུན་འབྲུམ་ཟླུམ་སྲིན་སེར་པོ་དེ་དག་ལ་ཉུང་ཐར་ཡང་དུག་སྲིན་འགོག་སྨན་རིགས་གསུམ་གྱི་སྨན་འགོག་རང་བཞིན་ལྡན་ཡོད་པ་རེད།

        ཞིབ་འཇུག་མི་སྣས་འབུ་ཕྲར་སྨན་འགོག་རང་བཞིན་ཆེན་པོ་ལྡན་པ་དེ་མི་རྣམས་ཀྱིས་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་བྱེད་པའི་བརྒྱུད་རིམ་ནང་དུག་སྲིན་འགོག་སྨན་འབོར་ཆེན་སྤྱད་པ་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད། རྒུན་འབྲུམ་ཟླུམ་སྲིན་སེར་པོ་དེ་དུས་རྒྱུན་པགས་པའི་ཕྱི་ངོས་དང་གཟུགས་པོ་ཐང་བའི་མིའི་སྣ་ཁུག་ནང་ཡོད་པ་དང་གནས་ཚུལ་འདྲ་མིན་སྣ་ཚོགས་འོག་འགོས་ཀྱི་ཡོད་པས་ཐབ་ཚང་ནང་འགོས་ན་ཟས་དུག་ཕོག་སྲིད། ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་ཚོད་དཔག་བྱས་པར། ཨ་རི་ཡོངས་སུ་ལོ་ལྟར་རྒུན་འབྲུམ་ཟླུམ་སྲིན་སེར་པོའི་ནད་འགོས་པའི་ནད་དཔེ་ཧ་ལམ་ཁྲི་24ཡོད་པ་དང་ལག་པ་འཁྲུ་བ་དང་ཚལ་བརྔོ་བའི་བྱེད་ཐབས་དེ་ནི་འབུ་ཕྲ་མི་འགོ་བའི་ཐབས་ཤེས་ཡག་ཤོས་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།