དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁམ་ཕུ་ཁྲེས་2013ལོར་མི་བཟོས་སྲུང་སྐར་དང་པོ་དེ་འཕེན་གཏོང་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 《ཕ་ནོམ་ཕེན་སྦྲག་ཏར་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་18ཉིན་ཁམ་ཕུ་ཁྲེ་སྦྲག་ཏར་པུའུ་དང་ཁམ་ཕུ་ཁྲེ་གོང་མ་ཚང་ཚོགས་པས་གྲོས་མཐུན་ཐོག་མིང་རྟགས་བཀོད་དེ་2013ལོར་ཁམ་ཕུ་ཁྲེས་མི་བཟོས་སྲུང་སྐར་དང་པོ་དེ་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད།

        སྲུང་སྐར་འཕེན་གཏོང་རྣམ་གྲངས་དེ་ཁམ་ཕུ་ཁྲེ་གོང་མ་ཚང་ཚོགས་པའི་གཤམ་འོག་གི་གོང་མ་ཚང་དགུང་སྔོན་ཀུང་སིས་འགན་འཁུར་རྒྱུ་ཡིན་པ་དང་འགྲོ་གྲོན་ཕལ་ཆེར་ཨ་སྒོར་དུང་ཕྱུར་2.5ནས་3.5བར་ཟིན་རྒྱུ་རེད། ཀུང་སི་དེས་སྲུང་སྐར་བཟོ་མཁན་དང་འཕེན་གཏོང་ས་གནས་ད་ལྟ་ཞིབ་ཕྲ་གཏན་འཁེལ་བྱས་མེད་པ་རེད།

        གནས་ཚུལ་སྤེལ་བར་གཞིགས་ན། སྲུང་སྐར་དེས་འཕྲིན་གཏོང་དང་། བཪྙན་འཕྲིན། བརྒྱུད་ལམ་སྣེ་མང་གི་ཚོང་ཤག་གཞན་དག་བཅས་གཙོ་བོར་བྱས་ནས་ཞབས་ཞུ་བྱ་རྒྱུ་ཡིན་ཞིང་། ཞབས་ཞུའི་ཁྱབ་ཁོངས་དེ་ཐོག་མར་ཁམ་ཕུ་ཁྲེ་ཁྲོམ་ར་དང་དེ་རྗེས་ཧན་རྡུ་ཉི་ཞི་ཡ་དང་། ཐེ་ལན། ཝེ་ཐེ་ནམ་སོགས་ཡ་གླིང་ཤར་ལྷོའི་མནའ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ལ་ཁྱབ་པར་བྱ་རྒྱུ་ཡིན་པ་རེད།

        གནས་ཚུལ་སྤེལ་བའི་ནང་ཚོགས་པ་ཀུང་སི་དེའི་ཀྲུའུ་ཞི་ཁྲེན་ཕུང་མིང་གིས་ད་ལྟའི་བར་ཐེ་ལན་དང་ཝེ་ཐེ་ནམ་སོགས་ཁམ་ཕུ་ཁྲེའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་སྲུང་སྐར་ཡོད་པ་མ་ཟད། ལོ་སིས་ཀྱང་དེའི་ཐད་བསམ་བློ་གཏོང་བཞིན་ཡོད་སྟབས་ཁམ་ཕུ་ཁྲེར་ཡང་རང་ལ་བདག་པའི་སྲུང་སྐར་ཞིག་ཡོད་དགོས་ངེས་རེད། སྲུང་སྐར་དེས་ཁམ་ཕུ་ཁྲེའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་ཡིན་ཚུལ་དྲངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།