ལས་དོན་པར་འགྱེད་འཕྲོའི་གནོད་འཚེ་མི་ཡོང་བ་གང་ཐུབ་བྱ་ཕྱིར་ཚེས་17ཉིན་ཏུང་ཅིང་གློག་ཤུགས་ཀུང་སིས་ཨ་རིས་བཟོས་པའི་འཕྲུལ་མི་སྤྱད་དེ་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཚན་3པ་ཡོད་སའི་ནང་འགྱེད་འཕྲོའི་འོད་ཟེར་མང་ཉུང་དང་། དྲོད་ཚད། གསོ་རླུང་གར་ཚད་སོགས་ཀྱི་གྲངས་གཞི་ཚད་ལེན་བྱས་པ་དང་། ཕྱིས་འབྱུང་ཀུང་སི་དེས་གྲངས་གཞི་དེ་དག་ལ་བརྟེན་ནས་ལས་དོན་པ་དེའི་ནང་འགྲོ་ཆོག་མིན་བརྟག་དཔྱད་བྱ་རྒྱུ་ཡིན་ཞིང་། འདི་ནི་ཏུང་ཅིང་གློག་ཤུགས་ཀུང་སིས་ཚེས་17ཉིན་བླངས་པའི་པར་ནང་འཕྲུལ་མིས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཚན་3པའི་རྡུལ་ཕྲན་ནུས་པའི་སྒྲིག་ཆས་ཡོད་སའི་ནང་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།