རླུང་འཁོར་ནི་སི་ཕེན་གྱི་ཁ་སི་ཏི་ལི་ཡ —ལ་མན་ཁྲ་ས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་མཛེས་ལྗོངས་ཀྱི་གྲས་ཤིག་ཡིན་ལ་སའེ་ཝན་ཐི་སིའི་བརྩམས་སྒྲུང་ནང་གི་དྲང་བདེན་དང་དཔའ་ངར་ཆེ་བའི་ཐང་ཅི་ཁོ་ཏིས་དམག་ཆེན་འཕྲུལ་བསམ་བྱ་ཡུལ་གྱི་བདུད་འདྲེའང་ཡིན་པ་རེད། ཁུང་སུའུ་ཨའེ་ཀོ་ལ་གྲོང་རྡལ་དུ་ཁྱོན་བསྡོམས་རླུང་འཁོར་11ཡོད་པ་དེ་ཚོ་འབར་འབུར་གྱི་རིའི་སྒང་དུ་ཐར་ཐོར་དུ་གནས་པས་བརྗིད་ཆགས་ཤིང་ཁད་ཡངས་པའི་མཛེས་ལྗོངས་ཤིག་ཆགས་ཡོད། རླུང་འཁོར་ཡོད་པའི་བཟོ་སྐྲུན་དཀར་པོ་དེ་དག་ནི་སྐབས་དེ་དུས་མི་རྣམས་ཀྱིས་རླུང་གིས་སྒུལ་ཤུགས་བྱས་ནས་འབྲུ་རིགས་ལས་སྣོན་བྱེད་སའི་གྲོ་ཕྱེ་འཐག་ཁང་ཡིན་པ་དང་ད་ལྟ་ཁུང་སུའུ་ཨའེ་ཀོ་ལ་དེ་ཁ་སི་ཏི་ལི་ཡ —ལ་མན་ཁྲ་ས་ཁུལ་གྱི་དགའ་བསུ་ཐོབ་ཆེ་ཤོས་ཀྱི་རླུང་འཁོར་གྲོང་རྡལ་ཆུང་ཆུང་ཞིག་ཏུ་གྱུར་ཡོད་པ་དང་གནས་འདིའི་རླུང་འཁོར་མཛེས་ལྗོངས་ཁུལ་དེ་མང་ཚོགས་ལ་རིན་མི་དགོས་པར་སྒོ་ཕྱེ་ཡོད་པས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་རྒྱུན་མི་ཆད་ཅིང་། འདི་ནི་ཟླ་4ཚེས་16ཉིན་སི་ཕེན་གྱི་ཁ་སི་ཏི་ལི་ཡ —ལ་མན་ཁྲ་ས་ཁུལ་གྱི་གྲོང་རྡལ་ཆུང་ཆུང་ཁུང་སུའུ་ཨའེ་ཀོ་ལར་ས་གནས་དེ་གའི་ཡུལ་མི་ཞིག་གིས་རྐང་འཁོར་བཞོན་ནས་རླུང་འཁོར་གྱི་མདུན་ནས་སྐྱོད་པའི་གནས་ཚུལ་ཡིན་པ།