དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • གོ་སྐབས་དང་དར་རྒྱས་ཐུན་མོང་ཐོག་ལོངས་སུ་སྤྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པའི་ཐོག་གལ་ཆེའི་གསུང་བཤད་གནང་རྗེས་རྒྱལ་སྤྱིའི་གླེང་ཕྱོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། གསུང་བཤད་དེའི་ཐོག་ནས “ཀྲུང་གོ་སྲིད་གཞུང་གིས་དེང་སྐབས་ཀྱི་འཛམ་གླིང་གི་གནས་བབ་ལ་ངོས་འཛིན་ཟབ་མོ་བྱེད་ལུགས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་བསམ་འདུན་བཟང་པོ ”མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཚེས་16ཉིན་པར་ཙིར་གྱི 《ཧྲེང་པའོ་ལའོ་ཚགས་པར 》ཐོག་མཇུག་འགྲིལ་མ་ཐག་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པའི་ཐོག་ནས “ཞི་བདེ ”དང “ཚན་རིག་དང་མཐུན་པའི་གོང་འཕེལ ”གྱི་བསམ་གཞི་དེ་འཛམ་གླིང་ཕྱོགས་སུ་ཁྱབ་འགྲོ་ལུགས་གསལ་པོར་མཚོན་གྱི་ཡོད་ཅེས་འཁོད་ཡོད་པ་རེད།

        ཚེས་15ཉིན་ཨ་རིའི 《འཛམ་གླིང་ཉིན་རེའི་ཚགས་པར 》ཐོག་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པས་འཛམ་གླིང་འདི་ཉིད་དེ་བས་དོ་སྙོམས་ངང་འཕེལ་རྒྱལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་དེའི་ཤུགས་རྐྱེན་ཐེབས་རྒྱ་སའི་གོ་ལ་ཧྲིལ་པོར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གར་སྟེགས་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནས་བབ་སྔར་བས་མཐོ་རུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད། ཨ་རིའི 《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར 》ཐོག་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པ་ནི་འབོ་གསེར་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བའི་སྟེགས་བུ་ནུས་ལྡན་ཞིག་དང་འབོ་གསེར་རྒྱལ་ཁབ་དབར་གྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་ནུས་པ་ལྡན་པ་ཞིག་ཡིན་ཞིང་། བཙུགས་ནས་ཡུན་རིང་མ་སོང་བའི་རྩ་འཛུགས་དེས་རྒྱལ་སྤྱིའི་གར་སྟེགས་ཐོག་རང་ཉིད་ཀྱི་བསམ་ཚུལ་དེ་བས་མང་པོ་བརྗོད་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

        སིང་ཀ་ཕོར་གྱི 《མཉམ་འབྲེལ་ཞོགས་པའི་ཚགས་པར 》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བའི་ནང་ཚེས་14ཉིན་སན་ཡ་རུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་ཀྲུང་གོ་འཕེལ་རྒྱས་གཏོང་རྒྱུའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་དར་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་འདོད་ཡོད་ཅེས་གསུངས་པ་བཀོད་ཡོད་པ་མ་ཟད་དྲ་ཚིགས་དེས་ད་དུང་དྲ་ཤོག་ཐོག་གི་མངོན་གསལ་དོད་སར་པུའོ་ཨའོ་ནས་སྤེལ་བའི་ཁ་བྱང་དུ “པུའོ་ཨའོ་གླིང་ཕྲན་འདི་ཉིད་གཟའ་འཁོར་དེའི་གླེང་སྟེགས་གླིང་ཕྲན་ཞིག་ཏུ་གྱུར་ཡོད ”ཅེས་པའི་གནས་ཚུལ་ཡང་སྤེལ་ཡོད་ཅིང་། དེའི་ནང་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་སྒུལ་ཤུགས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་ཡོད། ཀྲུང་གོས་གསར་དར་ཁྲོམ་རའི་རྒྱལ་ཁབ་གཞན་དག་ཁག་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་དང་། དངུལ་ལོར་སྲིད་ཇུས། དེ་བཞིན་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་འཕར་ཆག་བཅས་ཀྱི་གནད་དོན་ཐད་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་རྒྱལ་སྤྱིའི་རྩ་འཛུགས་དང་དངུལ་རྩའི་གྲོས་གཞིའི་ཐད་སྐད་ཆ་ཤོད་དབང་སྔར་བས་ཆེན་པོ་ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

        ཐེ་ལན་གྱི 《འཛམ་གླིང་ཉིན་རེའི་ཚགས་པར 》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ནང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པས་འབོ་གསེར་རྒྱལ་ཁབ་དབར་གྱི་གཉིས་ཕན་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་ཚུལ་བརྗོད་ཤུགས་ཆེ་རུ་གཏོང་རྒྱུ། འཛམ་གླིང་འདི་ཉིད་དེ་བས་དོ་སྙོམས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

        ཚེས་14ཉིན་ཧིན་རྡུ་ཉི་ཤི་ཡའི 《ཡ་ཅ་ཏའི་སྦྲག་ཏར་ཚགས་པར 》གྱི་པར་ངོས་དང་པོར་རྩོམ་ཡིག་ཅིག་སྤེལ་བའི་ནང་རྒྱལ་ཁབ་ཉི་ཤུ་ཚོགས་པས་སའི་གོ་ལའི་དངུལ་རྩའི་མ་ལག་སླར་ཡང་གཏོད་པའི་དུས་སུ་འབོ་གསེར་རྒྱལ་ཁབ་ལ་གོ་སྐབས་བཟང་པོ་ཞིག་བྱུང་བ་དང་དུས་མཚུངས་མི་འབོར་ཧ་ཅང་མང་བ་དང་གཞི་ཁྱོན་ཆེ་བའི་དཔལ་འབྱོར་འཕར་ཆེ་བའི་རྒྱལ་ཁབ་ལྔ་པོར་སའི་གོ་ལའི་ལས་སྒོའི་ཁྲོད་ཀྱི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་རྒྱུའི་མི་མངོན་པའི་ནུས་པ་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།