དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོའི་མཛེས་རྒྱན་སྤྲས་པའི་རླངས་འཁོར་མེ་ཏོག་རྒྱལ་ཁབ་ཏུ“སྟོན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་4ཚེས་16ཉིན་ཧོ་ལན་མཚོ་ཁའི་གྲོང་ཁྱེར་དང་སྐད་གྲགས་ལྡན་པའི་མེ་ཏོག་ཡུས་ཅིན་ཞང་ཟླུམ་སྡོང་འདེབས་འཛུགས་ཁུལ་ནུའོ་ཏེ་ཝུའེ་ཁེ་གྲོང་ཁྱེར་གྱིས་ལོ་གཅིག་དུས་གཅིག་གི་མཛེས་རྒྱན་སྤྲས་པའི་རླངས་འཁོར་གྱི་ཁྲོམ་སྐོར་བྱེད་སྒོ་སྤེལ་བ་དང་། ཁྲོམ་སྐོར་དཔུང་ཁག་གིས་ནུའེ་ཏེ་ཝུའེ་ཁེ་གྲོང་ཁྱེར་ནས་ཧ་ལའེ་མུའུ་གྲོང་ཁྱེར་བར་གྱི་ལམ་ཚད་སྤྱི་ལེ་40ཙམ་ཡོད་པའི་སར་དལ་གྱིས་བསྐྱོད་པ་དང་བྱེད་སྒོ་སྤེལ་ཡུན་ཉིན་2ཡིན། ཧོ་ལན་གྱི་རྒྱལ་དམངས་དཔལ་འབྱོར་དང་རྒྱལ་སྤྱིའི་ཚོང་དོན་ནང་མེ་ཏོག་ཐོན་ལས་ཀྱིས་གལ་ཆེའི་གནས་བབ་བཟུང་ཡོད་པ་སྟེ་མེ་ཏོག་ཕྱིར་གཏོང་བྱེད་ཚད་ཡོ་རོབ་སྒོར་མོ་སྒོར་དུང་ཕྱུར་80ཟིན་པ་དེ་རྒྱལ་སྤྱིའི་མེ་ཏོག་ཉོ་ཚོང་ཁྲོམ་རའི་80%ཟིན་པ་དང་། ཧོ་ལན་གྱི་མེ་ཏོག་དང་ཡུལ་སྐོར་ཐོན་ལས་ཁྱབ་གདལ་གཏོང་ཆེད་བཙུགས་པའི་རྟེན་འབྲེལ་བྱེད་སྒོ་ཞིག་ཡིན་པའི་མཛེས་རྒྱན་སྤྲས་པའི་རླངས་འཁོར་གྱི་ཁྲོམ་སྐོར་ད་ལྟའི་བར་སྐབས་64གཉེར་ཞིང་། འདི་ནི་ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་མཉམ་འབྲེལ་ཐོག་སྟོན་པའི་ཀྲུང་གོའི་ཁྱད་རྟགས་མཛེས་རྒྱན་སྤྲས་པའི་རླངས་འཁོར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།