དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོས་སྤེལ་བའི་འོད་ཟེར་བྱ་སྤྱོད་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཙན་པི་ཡའི་ཅི་ཐེ་ཝུའེ་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་16ཉིན་ཙན་པི་ཡའི་ཙུང་ཐུང་པན་ཏ་དང་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་པུའུ་ལའེ་ཐི ·ཨ་པུའུ་ཏུའུ་རེ་ཤིས་ཐི་རྣམ་གཉིས་ཙན་པི་ཡའི་ཐུང་ཏེ་ཞིང་ཆེན་གྱི་ཅི་ཐེ་ཝུའེ་གྲོང་ཁྱེར་དུ་ཐུན་མོང་ཐོག་2011ལོའི་ཀྲུང་གོས་སྤེལ་བའི་ཙན་པི་ཡའི་འོད་ཟེར་བྱ་སྤྱོད་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།

        པན་ཏས་ཤིས་ཚིག་གསུང་རིང་ཙན་པི་ཡ་སྲིད་གཞུང་དང་མི་དམངས་ཚོས་ཉིན་ཤས་རིང་ཀྲུང་གོའི་སྨན་པས་དཀའ་སྡུག་ལ་མ་འཛེམས་པར་ས་གནས་དེ་གའི་ནད་པར་སྐྱ་འགྲིབ་བསྐྱར་གསོའི་གཤག་བཅོས་རྩེར་སོན་བྱེད་པར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཀྲུང་གོའི་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་དགེ་སྒྲུབ་ཐེབས་རྩ་ཚོགས་པ་མེད་པ་སོགས་ཀྱི་ཚན་པར་གཉེར་རོགས་བྱས་པའི་2011ལོའི་ཀྲུང་གོས་སྤེལ་བའི་ཙན་པི་ཡའི་འོད་ཟེར་བྱ་སྤྱོད་བྱེད་སྒོ་དུས་ཡུན་ཉིན་ལྔ་ཡིན་པ་དང་པེ་ཅིང་ཐུང་རེན་སྨན་ཁང་ནས་ཡོང་བའི་མིག་ནད་རིགས་གཅིག་མཁས་ཅན་ཚོས་ས་གནས་དེ་གའི་སྐྱ་འགྲིབ་ཕོག་མཁན་109ལ་སྨན་ཡོན་མི་དགོས་པར་གཤག་བཅོས་བྱས་ཏེ་ཁོང་ཚོས་འོད་ཟེར་སླར་ཡང་མཐོང་རྒྱུར་རོགས་རམ་བྱས་ཡོད། ཚེས་15ཉིན་ཨ་པུའུ་ལའེ་ཐེ ·ཨ་པུའུ་ཏུའུ་རེ་ཤིས་ཐིས་ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་གུས་སྲོལ་གྱི་ཐོག་ནས་ཙན་པི་ཡའི་རྒྱལ་ཁབ་གསར་འཛུགས་ཙུང་ཐུང་ཁེན་ཉི་སི ·ཁ་ཨུང་ཏ་དང་མཇལ་འཛོམས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།