དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁོང་ཡངས་ངང་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཤིས་ཡུས་ཀྱིས།   |     སྤེལ་དུས།  2015-05-15

        འཚོག་ཉེར་ཡོད་པའི་པའོ་ཨའོ་ཨེ་ཤ་ཡའི་གླིང་སྟེགས་2011ལོའི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི “ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་སྟེ། ཐུན་མོང་གི་གྲོས་རིམ་དང་འགྲན་སློང་གསར་རྐྱང ”གཏན་འཁེལ་བྱས་པ་དེ་ཐོག་ནས་དེང་དུས་འཛམ་གླིང་དང་ལྷག་པར་དུ་ཨེ་ཤེ་ཡ་ས་ཁུལ་དུ་འཕེལ་རྒྱས་ཀྱི་གནད་དོན་ཐད་ངོས་འཛིན་གསར་རྐྱང་ཞིག་བྱུང་བ་མཚོན་ཡོད། “ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས ”ཏེ་འཕེལ་རྒྱས་གཏོང་རིང་ཁེ་ཕན་དང་ཕན་པ་རྒྱལ་ཁབ་དང་ས་ཁུལ་ཡོངས་ལ་འདོགས་ཐུབ་པ་དང་དཔལ་འབྱོར་འཕེལ་བའི་ཕན་འབྲས་མི་མང་པོར་འདོགས་ཐུབ་པ་བྱས་ཏེ་རྒྱུན་བསྲིང་གི་འཕེལ་རྒྱས་ནང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་འགྲིག་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཨེ་ཤ་ཡ་ས་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་འགྱུར་བཞིན་ཡོད།

        འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཨེ་ཤེ་ཡ་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ་དཔལ་འབྱོར་གྱི་བྱས་རྗེས་ངོ་མཚར་ཡང་ཡང་བཏོད་མྱོང་། རྒྱུ་ནོར་གཏོད་པ་དང་རང་ངོས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཆབས་ཅིག་ཨེ་ཤེ་ཡ་དེ་འཛམ་གླིང་གི་བཟོ་གྲྭ་དང་ས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཞིག་ཏུ་འགྱུར་མོད། འོན་ཏེ་ཨེ་ཤེ་ཡ་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་ལས་ཐོན་པའི་ཕན་འབྲས་དང་རྒྱུ་ནོར་གྱིས་སྤྱི་ཚོགས་ཀྱི་རིམ་གྲས་ཚང་མར་ཕན་པ་འདོགས་ཐུབ་མེད་པ་དང་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དེས་སྤྱི་ཚོགས་ཧྲིལ་པོ་དང་སྤྱི་ཚོགས་ནང་གི་སྐྱེ་བོ་ཚང་མ་སྒོ་ཀུན་ནས་འཕེལ་རྒྱས་འགྲོརྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་མེད། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་དཔལ་འབྱོར་སྒྲིག་གཞི་ཁག་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆེར་འགྲོ་བ་དང་ས་གོ་ལ་ཅན་དང་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱིས་རྒྱལ་ཁབ་དང་ས་ཁུལ་ཚང་མར་འཕེལ་རྒྱས་ཀྱི་གོ་སྐབས་གཅིག་མཚུངས་བྱུང་མེད། རྒྱལ་ཁབ་དང་། སྤྱི་ཚོགས། ཐ་ན་མི་སྒེར་བཅས་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་བ་ལས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་གིས་ཨེ་ཤེ་ཡ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་ཚོད་འཛིན་དང་ཨེ་ཤེ་ཡའི་དཔལ་འབྱོར་རྒྱུན་བསྲིང་ངང་འཕེལ་བ་དང་གྲ་རྒྱས་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱིས་རྐྱེན་པས་ཨེ་ཤེ་ཡ་ས་ཁུལ་དུ་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་གནད་དོན་དེ་བས་མངོན་གསལ་དོད་དུ་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

        ཨེ་ཤེ་ཡ་ས་ཁུལ་གྱི་རྒྱལ་ཁབ་ཁག་དབར་གྱི་ཧེ་བག་ཆེ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་མི་འདྲ་བར་བརྟེན “ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས ”དེ་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་གོ་དོན་དང་ལས་འགན་ཡང་འདྲ་གི་མེད། “ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས ”ཐད་ཀྱི་ཀྲུང་གོའི་བསམ་གཞིག་དང་སྲིད་ཇུས་ཀྱི་ལག་ལེན་ཐད་ཕྱོགས་བཞིའི་ཐད་ཀྱི་ཁོང་ཡངས་རང་བཞིན་དེ་བས་ནན་བཤད་བྱེད་དགོས་པ་སྟེ། གཅིག་ནི་འཕེལ་རྒྱས་འགྲོ་རིང་ཐོན་པའི་གོ་སྐབས་ནི་སྒོ་དབྱེ་དང་དྲང་སྙོམས་ཤིག་ཡིན་པས་སྐྱེ་བོ་ཚང་མ་ཚུད་ཐུབ་པ་བྱེད་དགོས་པ་དང་གཉིས་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྐྱེ་བོ་ཚང་མར་ཕན་པ་འདོགས་ཐུབ་པ་བྱེད་པ། གསུམ་ནི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་འབྲེལ་བར་ངེས་པར་དུ་ཕན་ཚུན་ཁོང་ཡངས་རང་བཞིན་ཡོད་དགོས་པ། བཞི་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་དཔལ་འབྱོར་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་པར་ངེས་པར་དུ་ཁོར་ཡུག་དང་སྣོད་བཅུད་ཀྱི་རྩ་བའི་ཆོས་ཉིད་དང་ཐེག་ནུས་ཕན་ཚུན་ཚུད་ཐུབ་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།