ཟླ་4ཚེས་7ཉིན་རྒྱ་གར་གྱིས་ཨེ་ཤེ་ཡ་གསར་འགྱུར་ཁང་གིས་བརྟག་དཔྱད་ཀྱི་སྙན་ཞུ་གསར་ཤོས་ཤིག་དྲངས་པའི་ནང་འདས་ཟིན་པའི་ལོ་3གྱི་ནང་རྒྱ་གར་ནས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོར་བཏང་བའི་དངོས་ཟོག་ལོར་ཆ་སྙོམས་15%ནས་20%བར་འཕར་བ་མངོན་ཞིང་། སྙན་ཞུའི་ནང་ཟོག་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གར་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱི་ཚོང་དོན་བྱེད་སྒོ་སྤེལ་མང་དུ་ཕྱིན་པ་དང་དེ་བཞིན་རྒྱ་གར་གྱིས་ཨ་ཧྥེ་རི་ཁའི་མཚོ་ངོགས་ནུབ་མའི་ཁྲོམ་ར་གསར་གཏོད་ཧུར་ཐག་བྱས་པ་སོགས་ཡིན་པའི་ངོས་འཛིན་བྱས་ཡོད་པ་དང་། ད་དུང་སྙན་ཞུའི་ནང་རྒྱ་གར་གྱིས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་རྒྱུ་དེ་གཙོ་བོ་རྡོ་སྣུམ་དང་རང་བྱུང་སོལ་རླངས་དང་། གློག་འཕྲིན། འགྲིམ་འགྲུལ་བཅས་དང་དེ་བཞིན་ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།
འདི་ག་ཚགས་པར་ཁང་གི་གསར་འགོད་པར་ཉིན་ཤས་གོང་རྒྱ་གར་གྱི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་འདས་ཟིན་པའི་ལོ་7གྱི་ནང་རྒྱ་གར་དང་གླིང་ཕྲན་ཨ་ཧྥེ་རི་ཁའི་དབར་གྱི་ཚོང་དོན་བསྡོམས་གྲངས་དེ་ལྡབ་7འཕར་བ་དང་། ཉིན་ཤས་གོང་རྡི་ལི་གསར་པར་འཚོགས་པའི་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྣམ་གྲངས་མཉམ་ལས་ཚོགས་འདུ་སྐབས་བདུན་པའི་ཐོག་རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་པུའི་པུའུ་ཀྲང་ཤའར་མ་ཡིས་ཀྱང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་2015ལོར་སླེབས་སྐབས་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱི་ཚོང་དོན་བསྡོམས་འབོར་དེ་མིག་སྔའི་ཨ་སྒོར་དུང་ཕྱུར་450ནས་དུང་ཕྱུར་700བར་འཕར་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
2008ལོ་ཚུན་དུ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གིས་ལོ་3རེའི་ནང་རྒྱ་གར་དང་གླིང་ཆེན་ཨ་ཧྥེ་རི་ཁའི་གླེང་སྟེགས་ཀྱི་འགོ་གཙོའི་ཚོགས་འདུ་ཐེངས་རེ་འཚོགས་ནས་དུས་སྐབས་ཤིག་རིང་གི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གཙོ་གནད་དང་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་གྱིས་རྡི་ལི་གསར་པའི་ནི་ཧོ་ལུའུ་སློབ་ཆེན་གྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཏུའུ་པེ་ཡིས “རྒྱ་གར་གྱིས་རྣམ་གྲངས་མང་ཆེ་བ་ནི་དམངས་རྩ་བར་འཛིན་པ་ཞིག་ཡིན་པ་སྟེ་དཔེར་ན། མི་ཤུགས་ཐོན་ཁུངས་དང་ནུས་པ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའམ་ཡང་ན་དཔལ་འབྱོར་གྱི་ཆེད་ལས་ཤེས་བྱ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སློབ་པ ”སོགས་ཡིན་པ་དང་། དེའི་དྲིན་ལན་དུ་རྒྱ་གར་གྱིས་ཐོན་ཁུངས་དང་ཁྲོམ་ར་ཐོབ་པར་བྱས་ཏེ་རྒྱ་གར་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བ་ལས་བྱུང་བའི་ནུས་རྒྱུ་དང་འཕེལ་རྒྱས་ཀྱི་དགོས་མཁོ་བསྐོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། རྒྱ་གར་གྱིས་གླིང་ཆེན་ཨ་ཧྥེ་རི་ཁ་དེ་རང་ཉིད་ཀྱི “འཐབ་ཇུས་ཀྱི་སྒོ་ར་རྒྱབ་མར ”གཏོད་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་བ་རེད།