དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་ཉམ་ཐག་མི་སེར་བསྡུ་ཉར་ཁང་གི་ཕྲུ་གུ་ཚོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་4ཚེས་12ཉིན་ལི་པི་ཡའི་པན་ཅ་ཤིས་ཉེ་འདབས་ཁུལ་གྱི་ཉམ་ཐག་མི་སེར་བསྡུ་ཉར་ཁང་དུ་ཕྲུ་གུ་རྒན་ཙམ་ཞིག་གིས་མེ་མདའ་འཁུར་ནས་ཕྲུ་གུ་ཚོ་དང་ཉི་མ་བསྲོ་བཞིན་དུ་ཁ་བརྡ་གློད་བཞིན་ཡོད། ལི་པི་ཡ་སྲིད་གཞུང་གི་དམག་དཔུང་དང་ངོ་ལོག་ཤོག་ཁག་དབར་དམག་འཁྲུག་གི་མེ་ལྕེ་ཡང་ཡང་ཐོན་ནས་ས་གནས་དེ་གའི་མི་སེར་གཅིག་མཇུག་གཉིས་མཐུད་ངང་ཕྱིར་ཉེན་གཡོལ་དུ་འགྲོ་གི་ཡོད། པན་ཅ་ཤིས་ཉེ་འདབས་ཁུལ་གྱི་བསྡུ་ཉར་ཁང་དེ་བཟོ་ཁང་མཁོ་མེད་ཪྙིང་ཧྲུལ་ཞིག་ཡིན་པ་དང་དེར་ད་ཆ་དམག་འཁྲུག་ལངས་ནས་ཁྱིམ་ཚང་མེད་པར་གྱུར་པའི་ཉེན་གཡོལ་བ་མང་དག་བསྡུ་ཉར་བྱས་ཡོད། ཁོང་ཚོ་ཚང་མ་ཨེ་ཅི་ཏ་པི་ཡེ་དང་། པུའུ་ལུའེ་ཅ། སྨི་སུའུ་ལ་ཐ་སོགས་དམག་འཁྲུག་རྒྱུན་མི་ཆད་པར་ཐོན་ཁུལ་ནས་ཡོང་བ་ཤ་སྟག་རེད། མེ་སྒྱོགས་ཀྱི་སྒྲས་སྐྲག་སྣང་ཆེན་པོ་བྱུང་བའི་དབང་གིས་གསར་འགོད་པས་པར་རྒྱག་པའི་སྒྲ་ཐོས་སྐབས་ཀྱང་དེ་གའི་ཕྲུ་གུ་ཚོས་རང་ཉིད་ལ་མེ་མདའ་རྒྱག་གི་ཡོད་པའི་ངོས་འཛིན་བྱས་ཏེ་སྐད་ཤུགས་ཆེན་པོས་ངུ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།