དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཉེན་ཁ་གསར་པས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཕྱོགས་ལ་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས (IMF)ཀྱིས་ཚེས་11ཉིན་ཡོངས་བསྒྲགས་བྱས་པའི 《འཛམ་གླིང་དཔལ་འབྱོར་ལ་རྒྱང་ལྟ་བྱེད་པ 》ཞེས་པའི་སྙན་ཞུའི་ནང་རྡོ་སྣུམ་སོགས་རྒྱལ་སྤྱིའི་ཚོང་ཟོག་མང་པོ་ཞིག་གི་རིན་གོང་འཕར་བ་དང་དེ་བཞིན་རི་པིན་གྱི་ས་ཡོམ་ཆེན་པོས་འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་གསར་པ་བཟོས་ཡོད་རུང་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་ཕྱོགས་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། 2011ལོ་དང་2012ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་4.4%དང 4.5%སོ་སོར་ལོན་རྒྱུ་ཡིན་པ་དེ་སྤྱིར་ན་རྩ་འཛུགས་དེས་འདི་ལོའི་ཟླ་དང་པོར་འཛམ་གླིང་དཔལ་འབྱོར་འཕར་ཚུལ་ལ་སྔོན་དཔག་བྱས་པ་དང་གཅིག་པ་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད།

        སྙན་ཞུའི་ནང་འཛམ་གླིང་དཔལ་འབྱོར “མྱུར་ཚད་ཁག་གཉིས ”ཀྱི་ཐོག་ནས་སླར་གསོ་ཡོང་བའི་རྣམ་པ་མུ་མཐུད་ཐོན་རྒྱུ་སྟེ་ཀྲུང་གོ་དང་རྒྱ་གར་སོགས་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱིས་མུ་མཐུད་དེ་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བའི་སྣེ་འཁྲིད་རྒྱུ་དང་འབྲེལ་འདི་ལོ་དང་སང་ལོ་ལོ་གཉིས་ཀྱི་ནང་འཕར་ཚད་ཧ་ལམ་6.5%ལོན་རྒྱུ་ཡིན་པ་དེའི་ཁྲོད་ཀྲུང་གོའི་དཔལ་འབྱོར་འདི་ལོ་འཕར་ཚད་9.6%དང་སང་ལོ་འཕར་ཚད་དལ་དུ་ཕྲན་བུ་སོང་ནས་9.5%ལོན་རྒྱུ་ཡིན་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་འདི་ལོ་དང་སང་ལོའི་འཕར་ཚད་2.5%ལོན་རྒྱུ་ཡིན་པ་དེའི་ཁྲོད་ཨ་རིའི་འདི་ལོ་དང་སང་ལོའི་འཕར་ཚད 3%ཡང་མི་ལོན་རྒྱུ་དང་། རི་པིན་གྱི་འཕར་ཚད་1.4%དང 2.1%སོ་སོར་ལོན་རྒྱུ་ཡིན་པ། ཡོ་རོབ་སྒོར་མོ་སྤྱོད་ཁུལ་གྱི་འཕར་ཚད་1.6%དང་1.8%སོ་སོར་ཡིན་ཞེས་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།