དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་འབྱོར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཉེ་ཆར་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་འབྱོར་བ་རེད།

        རྒྱ་གར་གྱི་ཙུང་ལི་ཤིན་ཀེ་ཚེས་12ཉིན་གྱི་མཚན་མོར་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་དེ་གར་འཚོག་རྒྱུ་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པར་ཞུགས་རྒྱུ་ཡིན་པ་རེད།

        པར་ཙིར་གྱི་ཙུང་ཐུང་ལོ་སའེ་ཕུའུ་ཚེས་11ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཕེབས་འབྱོར་ཟིན་ནས་ཀྲུང་གོར་རྒྱལ་དོན་གྱི་འཚམས་འདྲི་གནང་འགོ་ཚུགས་ཡོད་ཅིང་། ཁོང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པ་དང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2011ལོའི་ལོ་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད།

        འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པ་ཚེས་14ཉིན་སན་ཡ་རུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་གདན་ཞུས་གནང་བ་ལྟར་པར་ཙིར་གྱི་ཙུང་ཐུང་ལོ་སའེ་ཕུའུ་དང་། ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅི་ཕུའུ། རྒྱ་གར་གྱི་ཙུང་ལི་ཤིན་ཀེ ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་བཅས་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད།

        ད་ཐེངས་ཀྱི་ཞལ་འཛོམས་དེའི་བརྗོད་བྱ་གཙོ་བོ་ནི “འབྱུང་འགྱུར་ལ་རྒྱང་བལྟ་བྱས་ནས་དར་རྒྱས་མཉམ་རོལ་བྱེད ”ཅེས་པ་དེ་ཡིན་ཞིང་། གྲོས་དོན་ནང་རྒྱལ་སྤྱིའི་གནས་ཚུལ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་གནད་དོན། འཕེལ་རྒྱས་ཀྱི་གནད་དོན་བཅས་དང་དེ་བཞིན་འབོ་གསེར་རྒྱལ་ཁབ་དབར་གྱི་མཉམ་ལས་བཅས་ཚུད་ཡོད། ཞལ་འཛོམས་ཀྱི་བྱེད་སྒོ་གཙོ་བོའི་ནང་ཁྱབ་ཆུང་གི་གྲོས་མོལ་དང་། ཁྱབ་ཆེན་གྱི་གྲོས་མོལ། རྒྱལ་ཁབ་ལྔའི་འགོ་ཁྲིད་པས་མཉམ་དུ་གསར་འགོད་པར་མཇལ་འཕྲད། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པར་དགའ་བསུ་ཞུ་བའི་ཉིན་དགུང་གི་གསོལ་སྟོན་བཤམ་རྒྱུ་བཅས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།