མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་ 12 ཉིན་གྱི་སྔ་དྲོ་རི་པིན་དཔལ་འབྱོར་ཐོན་ལས་ཞིང་ཆེན་རྡུལ་ཕྲན་ནུས་པའི་བདེ་འཇགས་བདེ་སྲུང་ཁང་དང་རི་པིན་རྡུལ་ཕྲན་ནུས་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་དོན་རྐྱེན་ཚབས་ཆེ་ཆུང་གནས་སྐབས་གཏན་འཁེལ་བྱས་པའི་ཚོད་སྐོར་རིམ་པ་དེ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་དོན་རྐྱེན་གྱི་རིམ་པ་ཕྱེ་བའི་རེའུ་མིག་ནང་གི་ཚབས་ཆེ་ཤོས་ཏེ་རིམ་པ་ 7 པ་བར་སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོ་ནས་ད་བར་རླུང་ཁམས་ཆེ་མོའི་ནང་ཤོར་བའི་འགྱེད་འཕྲོའི་རང་བཞིན་གྱི་དངོས་རྫས་དེ་རྡུལ་ཕྲན་ནུས་པའི་བདེ་འཇགས་བདེ་སྲུང་ཁང་གིས་ཚོད་རྩིས་བྱས་ན་པེ་ཁེ་ལེའར་དུང་ཕྱུར་ཁྲི་ཁྲི་ 37 ཡིན་རུང་རྡུལ་ཕྲན་ནུས་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚོད་རྩིས་བྱས་པ་ནི་པེ་ཁེ་ལེའར་དུང་ཕྱུར་ཁྲི་ཁྲི་ 63 ཡིན་པ་གཉིས་ཀ་ཉིང་རྡུལ་ནུས་པའི་དོན་རྐྱེན་གྱི་རིམ་པ་ཕྱེ་བའི་རེའུ་མིག་ནང་གི་རིམ་པ་ 7 པའི་ཚད་གཞི་སྟེ་པེ་ཁེ་ལེའར་དུང་ཕྱུར་ཁྲི་ཁྲི་འགའ་ཞིག་ལས་བརྒལ་ཡོད་པ་རེད།