ཟླ་4 ཚེས་8 ཉིན་གསར་འགོད་པས་རོ་མ་ནི་ཡའི་པུའུ་ཅ་ལེ་སི་ཐེ་སྒྱུ་རྩལ་ཧབ་ཚོང་ལས་རིགས་ཀྱི་ཚོམས་ཆེན་དུ་སྣུམ་ཚོན་རི་མོ་ཆེན་པོ་ཞིག་པར་ལེན་བྱེད་བཞིན་ཡོད། རོ་མ་ནི་ཡའི་རི་མོ་འབྲི་མཁན་པུའུ་ནེ་སི་ཁུའུ་ཡི་རིང་ཚད་ལ་སྨི་20 དང་མཐོ་ཚད་ལ་སྨི་4.5 ཡོད་པའི་རི་མོ་དེའི་དངོས་ཡོད་ཆེ་ཆུང་དེ་ཐོག་ནས་རོ་མ་ནི་ཡའི་1889ལོའི་རླངས་ཤུགས་མེ་འཁོར་གྱི་མགོ་བསྐྱར་དུ་མངོན་ཡོད། རི་མོ་དེ་གཟའ་འཁོར་རྗེས་མར་ཧབ་ཚོང་སྐུལ་རྒྱུ་ཡིན་པ་དང་རིགས་གཅིག་མཁས་ཅན་གྱིས་རིན་གོང་ཡོ་རོབ་སྒོར་མོ་ཁྲི་6 གི་ཐོག་ནས་ཧབ་ཚོང་སྐུལ་ཐུབ་རྒྱུའི་སྔོན་དཔག་བྱས་པ།