དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་སླར་གསོ་ཡོང་ཤུགས་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མན་ཀུའུ་ནས་གློག་འཕྲིན་འབྱོར་གསལ། མ་ནི་ལ་ནས་གནས་ཚུལ་སྤེལ་བར་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང (བསྡུས་མིང་ལ་ཨེ་ཤེ་ཡའི་དངུལ་ཁང )གིས་ཟླ་4ཚེས་6ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་ས་ཁོངས་ཆབ་སྲིད་ཀྱི་ངེས་གཏན་མིན་པའི་རང་བཞིན་དང་འཕར་གཞི་གསར་པ་གཏོད་པའི་ཐད་ཀྱི་འགྲན་སློང་འཕྲད་རུང་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་སླད་ཕྱིན་ལོ་2ནང་མུ་མཐུད་བརྟན་པོའི་ངང་འཕར་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།

        ཨེ་ཤེ་ཡའི་དངུལ་ཁང་གིས་ཉིན་དེ་རང་དུ་ཁྱབ་བསྒྲགས་བྱས་པའི 《2011ལོའི་ཨེ་ཤེ་ཡའི་འཕེལ་རྒྱས་ཀྱི་རྒྱང་ལྟ 》ཞེས་པའི་སྙན་ཞུའི་ནང་2011ལོར་ཨེ་ཤེ་ཡའི་ས་ཁོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7.8%འཕར་རྒྱུ་དང་2012ལོར་7.7%འཕར་རྒྱུའི་སྔོན་དཔག་བྱས་ཡོད་པ་དང་། འཕར་ཚད་དེ་གཉིས་2010ལོའི་9%ལས་དམའ་བ་ཡོད་རུང་ས་ཁོངས་དེས་འཛམ་གླིང་དཔལ་འབྱོར་ཉམས་ཉེན་བྱུང་རྗེས་སྔར་བཞིན་བརྟན་པོའི་ངང་སླར་གསོ་ཡོང་བ་རྒྱུན་འཁྱོངས་བྱས་ཡོད་པ་མངོན་གྱི་ཡོད་པ་རེད།

        ཨེ་ཤེ་ཡའི་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ལི་ཁྲང་ཡུང་གིས “ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་དེ་འཛམ་གླིང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྐབས་དེའི་འཕར་ཤུགས་མངོན་ཡོད་པའི་ཁར་ད་ཆ་ས་ཁོངས་ནང་ཁུལ་གྱི་སྟོབས་ཆེའི་རྒྱལ་ཁབ་གཉིས་ཏེ་ཀྲུང་གོ་དང་ཧིན་རྡུར་བརྟེན་ནས་དེའི་དཔལ་འབྱོར་སླར་གསོ་དང་མགྱོགས་མྱུར་འཕར་བའི་རྣམ་པ་དེ་བརྟན་དུ་གཏོང་བའི་ཁར་ས་ཁོངས་དང་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་མུ་མཐུད་ཡར་སྐུལ་བྱ་རྒྱུ་རེད ”ཅེས་གསུངས་པ་རེད།

        སྙན་ཞུའི་ནང་ངེས་པར་དུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཟབ་ནན་ངང་སྤྱད་ནས་དངུལ་ལོར་འགྲེམས་ཐལ་ཤོར་རྒྱུ་ཚོད་འཛིན་བྱེད་དགོས་པ་དེའི་ནང་དེ་བས་བབ་བསྟུན་གྱི་དངུལ་ཐང་དོ་དམ་དང་མཐུན་སྦྱོར་གྱི་མ་རྩ་ཚོད་འཛིན་བྱེད་དགོས་པ་ལས་སྟབས་བདེའི་ངང་དངུལ་ལོར་དམ་འཕྲིའི་སྲིད་ཇུས་ལ་བརྟེན་རྒྱུ་མེད་པ་ཚུད་ཡོད་ཅེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།