ཉེ་ཆར་བོད་ཀྱི་དར་ཁྱབ་ཆེ་བའི་གླུ་གཞས་ཀྱི་གཞས་པ་གཡུང་དྲུང་རྒྱལ་གྱིས་སྒྲིག་བཟོ་དང་ཞབས་བྲོ་བ་གྲགས་ཅན་དབྱང་ལི་ཕིང་གིས་སྤྱི་ཁྱབ་རྩོམ་སྒྲིག་འཁྲབ་ཁྲིད་པ་བྱས་པའི་བོད་རིགས་ཀྱི་གདོད་མའི་གླུ་གཞས 《བོད་ཀྱི་གླུ་ཤགས 》ཞེས་པ་དེ་ཏུང་ཅིང་དུ་འཁྲབ་སྟོན་ལེགས་གྲུབ་བྱུང་བ་དང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་ཚོགས་རར་ཕེབས་ཏེ་རྟེན་འབྲེལ་ཞུས་ཤིང་། གཡུང་དྲུང་རྒྱལ་གྱིས་འཁྲབ་སྟོན་མི་སྣ་ཡོངས་ཀྱི་ཚབ་ཞུས་ཏེ་འཁྲབ་སྟོན་གྱི་ཡོང་འབབ་ཁག་གཅིག་དང “ང་ཚོ་ཁྱོད་ཚོ་དང་མཉམ་དུ་ཡོད ”ཅེས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གེགས་ཁུལ་དུ་ཕུལ་ཞིང་། འདི་ནི་རི་པིན་གྱི་ཏུང་ཅིང་སེ་ཀུའུ་ཆུས་རིག་གནས་གྲོང་ཚོའི་ཟློས་གར་ཁང་དུ་དབྱང་ལི་ཕིང་གིས་བོད་རིགས་ཀྱི་གདོད་མའི་གླུ་གར 《བོད་ཀྱི་གླུ་ཤགས 》ཞེས་པ་འཁྲབ་སྟོན་བྱས་རྗེས་མཇུག་འགྲིལ་ཤིས་ཚིག་འབུལ་བཞིན་པ།